e-texts navigator
Collection
Volume
Page
Wylie

86b1 རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱན་ཤཱི་ལ་དང་། བོད་ཀྱི་ལོ་ཙ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་བབ་པ།།
86b2 རྒྱ་གར་སྐད་དུ། ཨརྱ་མ་ཧཱ་བཛྲ་མེ་རུ་ཤི་ཁ་ར་ཀྲུ་ཊ་གྲཱ་ར་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་རྡོ་རྗེའི་རི་རབ་ཆེན་པོའི་རྩེ་མོའི་ཁང་པ་བརྩེགས་པའི་གཟུངས། སངས་རྒྱས
86b3 དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེའི་ལྷུན་པོའི་རྩེ་མོའི་ཁང་པ་བརྩེགས་པ་རྡོ་རྗེ་ཆེན་པོའི་ཏིང
86b4 ངེ་འཛིན་གྱི་སའི་གནས། རྡོ་རྗེ་ཆེན་པོའི་དཔག་བསམ་གྱི་ཤིང་ལྗོན་པས་ལེགས་པར་བརྒྱན་པ། རྡོ་རྗེ་ཆེན་པོའི་རྫིང་གི་རིན་པོ་ཆེའི་པདྨའི་འོད་ཀྱིས་སྣང་བར་བྱས་པ། ས་ཕྱོགས་རྡོ་རྗེ་ཆེན
86b5 བོའི་བྱེ་མ་བདལ་བ། རྡོ་རྗེ་ཆེན་པོར་བྱིན་གྱིས་བརླབས་པ། འཁོར་གྱི་ཁྱམས་རྡོ་རྗེ་ཆེན་པོ་ལས་བྱས་པ། ལྷའི་དབང་པོ་བརྒྱ་བྱིན་གྱི་རྡོ་རྗེ་ཆེན་པོའི་སེང་གེའི་ཁྲི་བྱེ་བ་ཁྲག་ཁྲིག་འབུམ་དྲག
86b6 སྟོང་གིས་རྣམ་པར་མཛེས་པ། ཆོས་བསྟན་པ་དང་ཆོ་འཕྲུལ་ཅན། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པ། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་འཇུག་པ།
86b7 ཐམས་ཅད་མཁྱེན་པ་ཉིད་ཀྱིས་ངེས་པར་འབྱུང་བ་ནབྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་ཅུ་རྩ་བཞི་ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ། བླ་ན་མེད་པ་ཡང་དག




iiif viewer powered by OpenSeadragon

86a - 87a

Texts on this page

Ty073-006 - rdo rje rnam par 'joms pa zhes bya ba'i gzungs
Ty073-007 - 'phags pa rdo rje'i ri rab chen po'i rtse mo'i khang pa brtsegs pa'i gzungs