| | e-texts navigator
|
452b1 བསུངས་སུ་སྤྱོད་དེ་རྒྱལ་པོ་སྔགས་དང་བརྙས་པ་སྐྱེད་པ་རྫོགས་སྷོ།། ། རྒྱ་ག་ཀྱི་མཁན་པ་བཅུག་བབྷ་དང་། ལོ་ཙ་བ་བན་ས་ཤེས་ཀྱང་པོས་བསྒྱུར
452b2 ཆུ་རྐྱེན་གྱི་མི་རྩི་བ་ངན་བྱེ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པ། ཎྱ་གང་སྐད་དུ། ཨཱརྱས་ན་དྷི་མཱ་ལ་མ་ཧཱཏནྟ་བ་རྣཾས
452b3 ཛཱ་བིནྡ་བྷ་ལ་ན་དེ་ཤཱ་དྷ་མ་ཧཱ་ཎིརཏྣ་ཀོཊྚ་ཤལ་ལྷོ་ནི་དེ་ཤམ་ཧཱ་པ་རྀ་ཎ་མན་ནཱ་མཱ་རཱ་ཛ། བོད་སྐད་དུ། འཕགས་པ་དགོངས་པའི་རྒྱུད་ཀྱི་འཕྲེང་བ་ཆེན་པོ་བྱང་ཆུབ་སེམས་དཔའི་རྣམ་པ་ངས་པ
452b4 ཆེན་པོ་བསྟན་པ་ལས་ནོར་བུ་ཆེན་པོ་རིན་པོ་ཆེ་ལ་མཁས་པ་བསྟེན་པ་ཡོངས་སུ་སྔོ་བ་ཆེན་པོའི་རྒྱལ་པོ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། དེ་ནས།
452b5 བཅོམ་ལྡན་འདས་ནོར་བུ་རིན་པོ་ཆེ་རྡོ་རྗེ་རིན་པོ་ཆེའི་རྩེ་མོ་ལ་བཞུགས་ནས། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་རྒྱལ་བའི་སྲས་འདི་ལ་བྱང་ཆུབ་ལ་རབ
452b6 ཏུ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་སྐྱབས་བྱེད་པར་འདོད་པ། བྱང་ཆུབ་སེམས་དཔའི་བསླབ་པའི་སྡོམ་པ་བླངས་པ། བྱང་ཆུབ་ཏུ་སེམས
452b7 བསྐྱེད་པ། སྙིང་རྗེའི་བདག་ཉིད་ཅན། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་འདོད་པ། བྱང་ཆུབ་སེམས་དཔའ་ཆེན་པོའི་སྤྱོད་པའི་ཚོགས་ཉེ་བར་སོགས་པར་འདོད་པ། དེ་བཞིན
iiif viewer powered by OpenSeadragon
452a - 453a