| | e-texts navigator
|
243a1 ནཱ་ཡ་སྭཱཏྨ། ཨོཾ་དཱཉྩི་ཀཱ་ཡ་སྭཱ་ཧཱ། ཨོཾ་པི་ཙི་ཀུཎྜཱ་ལ་ཡེ་སྭཱཧཱ། རིག་པའི་སྔགས་འདི་ནི་མཆོག་སྟེར་བསྟེ། ལྷ་རྒུད་པ་དང་མི་རྒུད་པ་རྣམས་ཀྱི་དོན་དུ་གསང་བའི་བདག་པོས་བཤད་པའོ།།
243a2 གནོད་སྦྱིན་གར་མཁན་མཆོག་གི་བརྟག་པ་ཕྱི་མ་ལས། གནོད་སྦྱིན་གྱི་ཚོགས་ངལ་བསོ་པོའི་དམག་གི་སྡེ་རྣམས་སྒྲུབ་པའི་ལེའུ་སྟེ་བཅུ་དྲུག་པའོ།། ། དེ་ནས་བཅོམ་ལྡན་འདས
243a3 ཀྱིས། གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། ལེགས་སོ་ལེགས་སོ།། ཁྱོད་ཀྱིས་ངལ་བསོ་པོའི་མིང་གི་རྣམ་གྲངས་དང་། གཏན་ཚིགས་དང་། སྒྲུབ་པ་དང་། དཔྱད
243a4 མང་པོས་མ་འོངས་པའི་ལྷ་རྒུད་པ་དང་མི་ཆུད་པ་རྣམས་ཀྱི་དོན་དུ་མིང་གི་རྣམ་གྲངས་བསྟན་པའང་ལེགས་སོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། རྡོ་རྗེ་སྙིང་པོ་ལ་སོགས་པ
243a5 ཕྱོགས་བཅུ་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། ཤཱ་རིའི་བུ་ལ་སོགས་པའི་ཉན་ཐོས་ཆེན་པོ་རྣམས་དང་། ཚངས་པ་དང་། བརྒྱ་བྱིན་དང་། དགའ་བའི་དབང་པོ་ལ་སོགས་པ་དང་།
243a6 ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། གནོད་སྦྱིན་གར་མཁན་མཆོག་གི་རྒྱུད་རྫོགས
243a7 སཽ།། ཁ་ཆེའི་མཁས་པ་ཏཱན་གུ་བྷ་ལས། རབ་ཞི་ལོ་ཙབས་སྤུན་གྱིས་གྲུབ་པའི་གཙུག་ལ་གཟོ་ལིང་རྒྱན་དུ་བསྒྱུར་བའོ།། རྒྱས
iiif viewer powered by OpenSeadragon
242b - 243b