e-texts navigator
Collection
Volume
Page
Wylie

160a1 སོ།། ། པཎྜི་ཏ་ཨ་ཏུ་ལ་དཤ་བཛྲས་ཞུས་ནས། ཟོད་ཀྱི་ལོ་རྒྱབ་མར་བ་ཆོས་ཀྱི་དབང་ཕྱུག་གྲགཔས་སྦྱར་བའོ།།
160a2 རྒྱ་གར་སྐད་དུ། བཛྲ་དུ་སྔན་མ་ནཱ་ག་ས་མ་ཡ། བོད་སྐད་དུ། རྡོ་རྗེ་མཆུ་ཞེས་བྱ་བ་ཀྲུའི་དམ་ཚིག། ཐམས་ཅད་མཁྱེན་པ་ལ་ཕྱགའི་ཚལ་ལོ།། དེ་ནས་བཅོམ་ལྡན་འདས་གྲོང་ཁྱེར་ཆེན་པོ
160a3 གཡོག་འཁོར་ན་བཞུགས་ཏེ། འཁོར་འདུས་པ་ཆེན་པོ་འཇོག་པོ་ལ་སོགས་པ་ཀྲུའི་འཁོར་དང་། ལྷ་དང་མིའི་ཚོགས་ཀྱི་འཁོར་ཆེན་པོ་ལ་སེམས་ཅན་རྣམས་ཀྱི་དོན་ཆེན་པོའི་ཕྱིར་ཏེ་བསམ་པ་དང་རེ་བ
160a4 ཐམས་ཅད་ཡོངས་སུ་སྟོང་བ་བདེ་བར་བྱེད་པའི་ཆོས་སྟོན་ཏོ།། དེ་ནས་གྲོང་ཁྱེར་དེ་ནས་བྲམ་ཟེའི་ཁྱེའུ་ཁྱབ་མ་སྤྱན་ཞེས་བྱ་བ་བྱུག་པ། ནོར་ཆེ་བ། ལོངས་སྤྱོད་ཆེ་བ། རྫས་དང་ཡོ་བྱད་མང་པོ་ཕུན་སུམ་ཚོགས་པ
160a5 རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་གི་ཕ་རོལ་ཏུ་ཕྱིན་པ། སྔགས་ལ་འཇུག་པ། སྔགས་གྲུབ་པ་ཞིག་འདུག་སྟེ། དེ་ཡང་དང་ཡང་དུ་ཀླུ་འགུགས་ཤིང་མེའི་སྦྱིན་སྲེག་བྱེད་དོ།། བྲམ་ཟེ་དེའི་ལོ་ཏོག་སྤྲིན་ཁར་ཆར་ཆད
160a6 བར་གྱུར་ནས། དེས་ང་རྒྱལ་གྱི་སྦས་སྔགས་བརྗོད་པ་དང་མཐུན་པས་འདི་སྐད་ཅེས། བདག་གིས་ཆར་པའི་རྒྱན་དབབ་ཅིང་ཀླུ་དགུག་པར་བྱའོ་ཞེས་སྨྲས་ཏེ། དེས་མོའི་སྦྱིན་སྲེག་བྱ་བར་བཤམས་ནས་ཏིལ་དང་།
160a7 འབྲས་དང་། ཡུངས་ཀར་རྣམས་འབྲུ་མར་ཚ་བ་དང་བསྲེས་ཏེ་སྦྱིན་སྲེག་བྱེད་དོ།། དེ་ནས་ཀླུ་མི་བསྲུན་པ་ཞིག་གི་གཟུགས་བྱས་ཏེ། དེས་ལྗགས་ཀྱི་ཕུར་བུ་ལ་བསྔགས་ནས་ཀླུའི་སྤྱི་བོར་བཏབ་པ་དང་། ཀླུང




iiif viewer powered by OpenSeadragon

159b - 160b

Texts on this page

Ty073-014 - 'phags ma rdo rje lu gu rgyud ma'i rgyud kyi rtog pa
Ty073-015 - rdo rje mchu zhes bya ba klu'i dam tshig go