e-texts navigator
Collection
Volume
Page
Wylie

89b1 བཅོམ་ལྡན་འདས་ཀྱིས་དེ་སྣང་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་དྲུག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསོད་དོ།
89b2 འཕགས་པ་དཔལ་ཆེན་མོའི་མདོ་རྫོགས་སོ།། རྒྱ་གར་གྱི་མངོན་པོ་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ནུས་ཏེ་གཏན་ལ་བང་ག།
89b3 དཔལ་གྱི་ལྷ་མོའི་མཚན་བཅུ་གཉིས་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། ཕྱག་ན་རྡོ་རྗེ་ལ
89b4 ཕྱག་འཚལ་ལོ།། དཔལ་ལྷ་མོ་ཆེན་མོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བདེ་བ་ཅན་གྱི་འཇིག་རྟེན་ན་བཞུགས་ཏེ། དེ་ནས་བྱང་ཆུབ་སེམས་དཔའ
89b5 སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་གལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ།། དེ་ནས་བྱུང་།
89b6 ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔལ་ལྷ་མོ་ཆེན་མོའང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་དྲུང་དུ་ཕྱིན་ནས། བཅོམ་ལྡན་འདས་ཀྱིས་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ
89b7 འདུག་གོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་ཆེན་མོ་ལ་གཟིགས་ནས། སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྤྱན་རས་གཟིགས་དབང་ཕྱུག་དགེ་སློང་ངམ་པ་དགེ་སློང་།




iiif viewer powered by OpenSeadragon

89a - 90a

Texts on this page

Ty072-010 - 'phags pa dpal chen mo'i mdo
Ty072-011 - dpal gyi lha mo mtshan bcu gnyis pa