| | e-texts navigator
|
97a1 པ་དེ་དག་ལམ་དུ་ཞུགས་ནས་འགྲོ་བའི་ཚེ། རླུང་ཆེན་པོ་ལངས་ཏེ་གང་ཟག་དེའི་ལུས་དང་། སྤུ་དང་། སྐྲ་དང་། གོས་ལ་བུས་པའི་རླུང་གང་ཡིན་པ་དེའི་རྗེས་ཕྱོགས་སུ་སོང་བའི
97a2 སེམས་ཅན་གཞན་གྱི་ལུས་ལ་རེག་པར་གྱུར་ན། དེ་དག་གི་སྒྲིབ་པ་དང་སྡིག་པའི་ལས་ལྕི་བ་ཐམས་ཅད་མ་ལུས་པར་ཡོངས་སུ་འབྱང་བར་འགྱུར་བས། ཡང་ངན་འགྲོ་གསུམ་པོ་དག་གི་རྣམ་པར་སྨིན་པ་མྱོང་།
97a3 བར་མི་འགྱུར་ཞིང་། རྟག་པར་སངས་རྒྱས་ཀྱི་སྤྱན་སྔར་སྐྱེ་བར་འགྱུར་བས་ན། འདོན་པ་དང་ཡོངས་སུ་འཛིན་པ་དེ་དག་གིས་ཐོབ་པའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་པར་རིག་པར་བྱའོ།། འཕགས་པ
97a4 སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོའི་གཟུངས་ཕན་ཡོན་དང་བཅས་པ་ཞེས་བྱ་བ་མདོ་ལས་བསྡུས་པ་རྫོགས་སོ།། ། དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།།
97a5 རྒྱ་གར་སྐད་དུ། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་མཱ་ཏེ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་སྤྱར་རས་གཟིགས་དབང་ཕྱུག་གི་ཡུམ་ཞེས་བྱ་བའི་གཟུངས།
97a6 སངས་རྒྱས་དང་བྱང་དུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གྲོང་ཁྱེར་ཡངས་པ་ཅན་ན་འཁོར་ཆེན་པོས་ཡོངས་སུ་བསྐོར་ཅིང་མདུན་།
97a7 གྱིས་བསྡུས་ནས་བཅུགས་ཏེ། ཉན་ཐོས་ཆེན་པོ་ཤཱ་རིའི་བུལ་སོགས་པ་དགེ་སློང་ལྔ་བརྒྱ་དང་། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་བས་ཡོངས་སུ་བགྲོ
iiif viewer powered by OpenSeadragon
96b - 97b