e-texts navigator
Collection
Volume
Page
Wylie

293a1 འཇིག་རྟེན་སྐྱོང་བ་བརྒྱད་ཀྱང་སོ་སོའི་མྱིང་སྨོས་ཏེ་སྤྱན་དྲངས་ལ་མཆོད་ནས། ལས་གང་བསྒྲུབ་པ་དེ་གྲུབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས། མཆོད་པ་རྣམ་པ་ལྔ་པ་བག
293a2 གིས་མཆོད་ལ།། འབྱུང་པོ་ཕལ་རྣམས་ལའང་གཏོར་མ་རྒྱ་ཆེར་སྦྱིན་ནོ།། བདག་བསྲུང་བ་དང་མཚམས་གཅད་པའང་ཨ་མོ་གྷེ་པཱ་ཤའི་གཟུངས་དེ་ཉིད་ཀྱིས་ཚུལ་བཞིན་དུ་བྱས་ན། དེའང་ཚེས་བརྒྱད་ལ་བྱ་བའི
293a3 རིགས་སོ།། ཆོ་ག་འདི་བགེགས་ཀྱིས་བརླམས་པ་ལ་སོགས་པ་གོང་དུ་སྨོས་པ་རྣམས་ལས་ཐར་བར་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། མི་ཐ་མལ་པ་ལ་བྱས་ནའང་ཕྱིས་བགེགས་དང་བྱང་སྟེམས་ཀྱིས
293a4 མི་ཚུགས། ནད་འགོ་བས་མི་ཐེབས། དཔལ་ཆེ་ཞིང་བསམས་སོ་ཅོག་འགྲུབ་པར་འགྱུར་རོ།། རིན་པོ་ཆེ་སྣ་ལྔ་ལ་གསེརབྷུ་རུ། མུ་ཏིག། དུང་། ཤཱིལ། སྨན་ལྔ་ལ། སང་ཧི། བྱི་གྲི། གི་རི་ཀའི
293a5 རྣི་ས་ཧ། ས་ཧ་དེ་བ་འབྲུ་སྣ་ལྔ་ལ། ནས་སོ་བ། འབྲས་སོ་བ། ཏིལ། གྲོ། མོན་སྲན་པ་མ་ཤའོ།། འཕགས་པ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བའི་གཟུངས་རྫོགས་སོ།།
293a6 རྒྱ་གར་སྐད་དུ་ཨཱརྱ་ཨ་མོ་གྷ་པཱ་ཤ་བཱ་ར་ར་མི་ཏ་ཥ་ཊ་པཱ་རི་པཱུ་ར་ཡ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་དོན་ཡོད་ཞགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས
293a7 པར་བྱེད་པ་ཞེས་བྱ་བའི་གཟུངས།། སངས་རྒྱས་དེང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚས




iiif viewer powered by OpenSeadragon

292b - 293b

Texts on this page

Ty069-053 - 'phags pa don yod zhags pa'i snying po zhes bya ba'i gzungs
Ty069-054 - 'phags pa don yod zhags pa'i pha rol tu phyin pa drug yongs su rdzogs par byed pa zhes bya ba'i gzungs