e-texts navigator
Collection
Volume
Page
Wylie

282a1 བ་ཞེས་བྱ་བ་རྫོགས་སོ།། རིག་པའི་འབྱུང་གནས་རིག་པའི་འོད་ཟེར་གྱིས་ཤེས་རབ་བདུ་རྒྱས་པའི་འཆེའི་ཡུལ་བདུད་རྩི་འབྱུང་བའི་གཙུག་ལག་འང་།
282a2 ཆེན་པོར་པཎྜི་ཏ་ཆེན་པོ་སོ་མ་ཤྲཱི་བྷ་བ་ཞེས་བྱ་བ་དང་། བོད་ཀྱི་ལོ་ཙ་བཀྵུར་དགེ་སློང་ཚུལ་ཁྲིམས་འོད་ཟེར་གྱིས་བསྒྱུར་བའོ།། རྒྱ་གར་སྐད་དུ། ཨཱརྱ་ཨ
282a3 མོ་གྷ་པཱ་ཤ་ཧཱུཾ་ད་ཡཾ་ནཱ་མ་མཧཱ་ཡཱ་ནི་སཱུ་ཏྲ། བོད་སྐད་དུ། འཕགས་པ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བ་ཐེག་པོ་ཆེན་པོའི་མདོ། འཕགས་པ་དོན་ཡོད་ཞགས་པ་ལ་ཕྱག་འཚལ་ལོ།། སངས་རྒྱས་ལ
282a4 ཕྱག་འཚལ་ལོ།། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་པོ་ཏ་ལ་ཀེའི་རིའི་རྩེ་མོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་ས་མ་ལ
282a5 དང་ཁ་ཏ་མ་ལ་དང་། ཙམ་པ་ཀ་དང་། མྱ་ངན་མེད་པ་དང་། ཨ་ཏི་མུག་ཏ་ཀ་ལ་སོགས་པ་མང་པོ་དང་། སྣ་ཚོགས་པའི་རིན་པོ་ཆེའི་སྡོང་པོས་ཡང་དག་པར་བརྒྱན་པར་དགེ་སློང་གི་དགེ་འདུན་ཆེན་པོ་སྟོང་།
282a6 ཕྲག་བཅོ་བརྒྱད་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་དང་། གནས་གཙང་མའི་ལྷའི་བུ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བྱས་ནས་མང་པོ་དང་ཐབས་ཅིག།
282a7 ཏུབཞུགས་སོ།། དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ཚངས་རིས་ཀྱི་ལྷའི་བུ་རྣམས་གཙོར་བྱས་ནས་ཆོས་སྟོན་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས




iiif viewer powered by OpenSeadragon

281b - 282b

Texts on this page

Ty069-051 - 'phags pa spyan ras gzigs dbang phyug gi rtsa ba'i rgyud kyi rgyal po pad ma dra ba zhes bya ba
Ty069-052 - 'phags pa don yod zhags pa'i snying po zhes bya ba theg pa chen po'i mdo