| | e-texts navigator
|
185a1 ཨ~ཾ་གུ་ལྱ་མུཉྩ། ཨོཾ་གྲ་པྲ་ཏྱཾ་ག་མུཉྫ། ཨབ་ས་ར། ཨརྱ་སཱི་མུཉྩ། གཙྪཿཛྭ་ར་པུ་ཏོ་སི། བདག་ལ་སྭཱ་ཧཱ། ཨེ་ཛྭ་ལ་མཱ་ཨཾ་གུ་ལེ་ཧཱུཾ། སརྦ་ཛཱ་ར་ནན་ཕཊ། འཕགས་པ་ནས།
185a2 པོ་ཆེན་དེའི་གཟུངས། རིམས་ནད་ཐམས་ཅད་ལས་རྣམ་པར་ཐར་པར་བྱེད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་པྲཛྙཱ་ར་རྨེ་དང་། ཞུ་ཆེན་གྱི་ལོ་ཙ་བ་བནི་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང
185a3 ཞུས་ཏེ་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ། དེ་བི་མ་ཉྫུ་ཀཱ་ལི་ན་མ་དྷཱ་ར་ཎི། བོད་སྐད་དུ། ལྷ་མོ་ནག་མེ་ཆེན་མོའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས
185a4 དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོར་མ་ལོན་པ་ཞིག་ན་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་སོ།། དེ་ནས
185a5 འདོད་པའི་ཁམས་ཀྱི་དབང་ཕྱུག་མ་བདུད་ཀྱི་ཡུམ། གཤིན་རྗེའི་ལྕམ་མོ་ལྷ་མོ་ནག་མོ་ཆེན་མོས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། དེ་ནས་བཅོམ་ལྡན་འདས་ལ་ལྷ་མོ།
185a6 ནན་མེ་ཆེན་མོས་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་བའི་རིག་པ་འདི་འབུལ་ན། བཅོམ་ལྡན་འདས་བདག་གི་དེ་བཅོམ་ལྡན་འདས་ཀྱིས་བཞེས་སུ་གསོལ།། དེ་ནས་བཅོམ་ལྡན་འདས
185a7 ཀྱིས་བཀའ་སྩལ་པ། བདུད་ཀྱི་ཡུམ། གཤིན་རྗེའི་ལྷམ་མོ་ལྷ་མོ་ནག་མོ་ཆེན་མོས་སྟེང་དུ་ནི་གཞན་འཕྲུལ་དབང་བྱེད་ལ་ཐུག་པ་མན་ཆད་བཅིང་བར་བྱའོ།། འོག་ཏུ་ནི་སེམས་ཅན་དམྱལ་བ་ལ་ཐུག་པ་ཡན་ཆད་བཅིང་བར
iiif viewer powered by OpenSeadragon
184b - 185b