e-texts navigator
Collection
Volume
Page
Wylie

514b1 མ་མ་མ་མྦྷ་། མས་ཀྱི་རྒྱུ་འངས་གྲུབ་པར་། དྷཱུརྨྨ་ཥཱ་མ་ལ་ཨཱཥྚ་\ུ0f7f
514b2 འདུན་ལ་དྲུས་སྐྱེ་ག་ཁྱོབ་རྒྱ་འཚ་བར་གྱུར་བྱ་སྦྱིན་པ་རྒྱ་མཐོང་བར་ཤོག་ཅིག་འན་ལབུ་རྩ་གཅིག་བརྗོད་པ་གཏོར་མ་ཚོན་པོ་ལ་གཏང་བར་བྱའོ་།། དེས་བྱམས་ཅད་ཤིན་གྱི
514b3 འཟློག་པར་འགྱུར་རོ།། བྱ་སྙིང་པོ་རིག་པ་དང་བཅས་པ་རྫོགས་སོ།། རྒྱ་གར་སྐད་དུ། ཨ་དྱ་མ་ཧཱ་པྲཱ་ཏི་ས་རབི་དྷ་རཱ་ཛཱི། བོད་སྐད་དུ
514b4 འཇིགས་པ་རིག་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་པོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེའི་ལྷུན་མོ།
514b5 ཆེན་པོའི་ཟོས་ན། ཁང་པ་བརྩེགས་པ་རྡོ་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱིསའི་གནས། རྡོ་རྗེ་ཆེར་པོའི་དཔག་བསམ་རྒྱུ་ཤིང་ལྗོན་པས་ལེགས་པར་བརྒྱད་པ། རྡོ་རྗེ་ཆེརན་པོའི་སྙིང་གི་རིན་པོ་ཆེ་དང་པདྨའི་འོད་ཀྱིས་སྡང
514b6 བར་བྱས་པ། ས་ཕྱོགས་རྡོ་རྗེ་ཆེན་པོའི་བྱེ་མ་བརྡལ་བ། རྡོ་རྗེ་ཆེན་པོར་བྱིན་གྱིས་བརླབས་པ། འཁོར་གྱི་ཁྱམས་རྡོ་རྗེ་ཆེན་པོ་ལས་བྱས་པ། ལྷའི་དབང་པོ་བརྒྱ་བྱིན་གྱིས་རྡོ་རྗེའི་སེང་གེའི་ཁྲི་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ
514b7 སྟོང་གིས་རྣམ་པར་མཛེས་པ། ཆོས་བསྟན་པ་དང་ཆོ་འཕྲུལ་ཅན། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པ། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་འཇུག་པ། ཐམས་ཅད་མཁྱེན་པ་ཉིད་ཀྱིས




iiif viewer powered by OpenSeadragon

514a - 515a

Texts on this page

Ty067-008 - 'phags pa rig sngags kyi rgyal mo rma bya'i yang snying zhes bya ba
Ty067-009 - 'phags pa rig pa'i rgyal mo so sor 'brang ba chen mo