| | e-texts navigator
|
514a1 རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང་། ཛྙཱ་ན་སིདྡྷི་དང་། ཤཱཀྱ་པྲ་དྷཱ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྤང་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏད་ལ
514a2 བབ་པ། རྒྱང་པ་ལ་གཏུགས་ནས་ཞུས་དག་བྱས་ཤིང་སྔགས་རྣམས་རྒྱད་པ་དང་མཐུན་པར་བཅོས་པའོ།། རྒྱ་གར་སྐད་དུ། ཨཱརྱ་མ་ཡཱུ་ར་བིདྨ
514a3 བསྟེན་མ། བོད་སྐད་དུ། འཕགས་པ་རིག་སྔགས་ཀྱི་རྒྱང་མོ་རྨ་བྱའི་ཡང་སྙིང་ཞེས་བྱ་བ། བཅོམ་ལྡན་འདས་རྨ་བྱ་ཆེན་མོ་ལ་ཕྱག་འཚལ་ལོ།། སངས་རྒྱས་ལ་ཕྱག་འཚལ་ལོ།། ཆོས་ལ་ཕྱག་འཚལ་ལོ།། དགེ་འདུན་ལ་བྱ།
514a4 འཚལ་ལོ།། དགྲ་ཡིས་འཇིགས་པ་འམ། འཐབ་རྩོད་ཀྱིས་འཇིགས་པ་འམ། བགེགས་ཀྱིས་འཇིགས་པ་འམ། དུས་མ་ཡིན་པར་འཆི་བས་འཇིགས་པ་འམ། སྦྲུལ་གྱིས་འཇིགས་པ་འམ། གཅན་གཟན་གྱིས་འཇིག
514a5 པ་འམ། དུག་གིས་འཇིགས་པ་འམ། མེས་འཇིགས་པ་འམ། ཆུས་འཇིགས་པ་འམ། རླུང་གིས་འཇིགས་པ་འམ། འཇིགས་པ་ཐམས་ཅད་ཀྱི་ནང་ན་འདུག་ནའང་ཡིད་ལ་བྱའོ།། རླུང་ལས་གྱུར་པ་འམ། མཁྲིས
514a6 པ་ལས་གྱུར་པ་འམ། བང་ཀན་ལས་གྱུར་པ་འམ། འདུས་པ་ལས་གྱུར་པ་འམ། གདོན་གྱིས་ཟིན་ཏམ། རིམས་ཀྱིས་བཏབ་པ་འམ། དུག་འཐུངས་སམ། ནང་ཐམས་ཅད་ཀྱི་ནང་མ་འདུག་ནའང་ཡིད་ལ
514a7 བྱའོ།། ན་མོ་བྷ་ག་བ་ཏེ། ཨི་ཊི་ཊཱ་ཡ། ཨིནྡྲ་གོ་མི་སི་ཀཱ་ཡ། ཨཱ་ཤ་ནེ། པཱ་ཤ་ནེ། པཱ་པ་ནི་ཀཱ་ལེ་། ཀ་པི་ལ་མིཏྟེ། ཨི་ལི་མིཏྟེ་སྭཱ་ཧཱ། གསང་སྔགས་ཀྱི་གཞི་རྣམས་གྲུབ་པར་གྱུར་ཅིག་། ནཱ་རཱ་ཡ་ནི་ཁཱ་རཱ།
iiif viewer powered by OpenSeadragon
513b - 514b