| | e-texts navigator
|
236a1 ཤ་ཐམས་ཅད་དབང་དུ་འགྱུར་ཏེ་ཅི་འདོད་པ་བྱེད་དོ།། ཀྱིས་མ་བུས་ལན་ལེ་གས་གྱི་འབྲུ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་འབྱུང་པོ་ཐམས་ཅད་དང་ཆུག
236a2 འབྱུང་བའི་བདག་པོར་ར་ལའང་ཅན་གཅིག་བཞིན་དུ་གཡོག་བརྒྱའི་བས་སྟོན་པར་བྱེད་དོ།། གང་འདོད་པ་དར་ཕྲག་པ་ལབ་སྐྲུན་ཏེ་འགྲོའོ།། སེཾནས་དགྲེ་འུ་བུབ་སྦྱིན་སྲེག་བྱས་པ་ཧཱུ~ཾ
236a3 མོ་ཐམས་ཅད་དབང་དུ་འགྱུར་ཏེ། དེ་དག་སྔགས་པས་དེའི་ཡོ་བྱད་ཐམས་ཅད་སྒྲུབ་བོ།། འཇམ་དཔལ་འདི་དག་ལ་སོགས་པ་གཟུངས་འདི་རྣམས་ཀྱིས་སྒྲུབ་པ་དག་ནི་གང་དུ་སྦྱོར་བ
236a4 དེའི་དངོས་གྲུབ་སྦྱིན་པར་བྱེད་དོ།། འདོད་པ་དང་། སྦྱོར་བ་ཐ་དད་པ་དང་། སྦྱོར་བ་མང་ཡང་རུང་ཉུང་ཡང་རུང་བས་ཀྱང་སྒྲུབ་པར་བྱེད་དོ།། འཇམ་དཔལ་གཞན་ཡང་གཟུངས་སྔགས་འདི།།
236a5 དག་འཛིན་པ་དང་སྒྲུབ་པ་རྣམས་ལ་ནི་བགེགས་རྣམས་ཀྱི་སྐབས་མེད་དོ།། ལག་ན་རྡོ་རྗེ་དབང་བསྐུར་བ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་རྣམས་ཀྱི་དངོས་གྲུབ་སྒྲུབ་པའི་ཆོ
236a6 ག་རྫོགས་སོ།། ། འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོའི་རྒྱལ་པོ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བི་དྷི་དང་། ཞུ།
236a7 ཆེན་གྱི་ལོ་ཙ་བ་བན་སྟེ་ཡེ་ཤེས་སྡེས་བསྒྱུར་ཅིང་ནུས་ཏེ་གཏན་ལ་ཕབ་པ། རྒྱ་གར་སྐད་དུ.ཨཱརྱ་ཨཥྚ་དེ་བཱི་དྷཱ་ར་ཎི། བོད་སྐད་དུ་ཀ་འཕག།
iiif viewer powered by OpenSeadragon
235b - 236b