e-texts navigator
Collection
Volume
Page
Wylie

362b1 ཅང་བུག་ལ་བྱིས་ནས། ཞལ་གཅིག་ཕྱ་ག་གཉིས་པར་གྱུར་ཏེ། ཧཱ་ཧཱུཾ་དྷུ་ཞེས་པའི་གྲུ་བླངས་སོ།། འདི་ལ་ཇི་ལྟར་དམིགས་བྱས་བཞིན།། ལྷ་རྣམས་ཀུན་ལ་དམིགས་པར་འགྱུར།། གསང་སྔགས
362b2 འབུམ་དུ་བརྗོད་བྱས་ནས།། བསྙེན་པའི་དམ་པ་འདི་འགྲུབ་བོ།། འདས་དང་མ་འདས་འོད་འགྱུར་བའི།། སངས་རྒྱས་རྣམས་ཀྱིས་སྔགས་འདི་བཤད།། འདི་ནི་སངས་རྒྱས་ཀུན་གྱི་གས་།།
362b3 ཡེ་ཤེས་ཆེན་པོ་ཞེས་བརྗོད་དོ།། དེ་ནས་འཁོར་དེ་དག་ཐམས་ཅད་ནི་གཙོ་བོའི་ཐུགས་ཀར་ཐིམ་པར་གྱུར་ཏོ།། ཀཱ་ཡེ་རྡོ་རྗེ་ཆེན་པོ་ནི།། ལག་ན་རྡོ་རྗེ་སྟོབས་པོ་ཆེ།། དུས་གསུམ་སངས་རྒྱས་ཐམས
362b4 ཅད་ཀྱི།། གསང་བའི་མཛོད་འཛིན་གྱུར་པའོ།། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྡོ་རྗེ་གདེངས་པའི་རྒྱུད་ལས། ཁམས་གསུམ་རྣམ་པར་རྒྱལ་བ་ཞེས་བྱ་བའི་ལེའུ་རྫོགས
362b5 སོ།། ཏྲ་པཎྜི་ཏ་ཨ་ཌ་ཡ་ཤྲཱི་མ་ཏི་ཞེས་བྱ་བ་དང་། བོད་ཀྱི་ལོ་ཙ་བ་བན་དེ་ཆོས་ཀྱི་དབང་ཕྱུག་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།
362b6 རྒྱ་གར་སྐད་དུ། ཤྲཱི་བཛྲ་ཙཎྜ་ཙིཏྟ་གུ་ཧྱ་ཏནྟྲ། བོད་སྐད་དུ། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད། དཔལ་གཏུམ་པོ་ཕྱག་ན་རྡོ་རྗེ་ལ་ཕྱག
362b7 འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འོག་མིན་གྱི་གནས་ལྟུང་ལོ་ཅན་གྱི་ཕོ་བྲང་ན་སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་དང་། འཕྲིན་ལས་ལ་གཟིགས




iiif viewer powered by OpenSeadragon

362a - 363a

Texts on this page

Ty060-011 - la na rdo rje gos sngon po can rdo rje gdengs pa'i rgyud khams gsum las rnam par rgyal ba zhes bya ba
Ty060-012 - dpal rdo rje gtum po thugs gsang ba'i rgyud dpal gtum po