e-texts navigator
Collection
Volume
Page
Wylie

442a1 རྡུངས་ཤིང་རྡོ་རྗེ་འབར་བའི་གཏར།། བཀའ་ལས་འདའ་བྱེད་སྡིག་ཅན་རྣམས།། རྡོ་རྗེ་མེ་ཡིས་སྙིང་བསྲེགས་ནས།། ལུས་སེམས་རྡུལ་བཞིན་རླག་པར་མཛོད།། ཁྲོ་མོང།
442a2 བའི་གཏུན་ཁུང་དུ།། རྡོ་རྗེ་ཐོ་བས་བརྡུངས་བྱས་ནས།། ལྷ་ཡང་རུང་སྟེ་བསྒྲལ་བར་བྱ།། ཁ་ཏཾ་ཁ་ཏཾ་ཁ་ཏཾ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། བཛྲ་ཡཀྵ་ཀྲོ་དྷ་ཁ་བ་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ། ཧཱུཾ་ཧཱུཾ་ཕཊ་ཕཊ།
442a3 ཆོས་ཉིད་ཀྱི་བདེན་པའོ།། གསང་སྔགས་ཀྱི་བྱིན་གྱི་རླབས་སོ།། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱི་མཐུར་འགྱུར་རོ།། བརྣག་པ་དེ་ཁོ་ན་ཉིད་དོ།། ཀི་ལ་ཡ་ལན་ཉི་ཤུ་རྩ་གཅིག་བཟླས་སོ།། ཀི་ལ
442a4 ཡལ་ན་བཅོ་བརྒྱད་བརྗོད་ནས་དཀར་ནག་གི་མཚམས་སུའོ།། ཧཱུཾ་ཧཱུཾ་ཧཱུཾ། ཧཧོ། ཕཊ་ཕཊ་ཕཊ། འདི་བརྗོད་པར་བྱའོ།། རྡོ་རྗེ་ཕུར་བ་རྩ་བའི་རྒྱུད་ཀྱི་དུམ་བུ་སློབ་དཔོན་པདྨ་འབྱུང་གནས
442a5 དངོས་ཀྱི་རྒྱ་པེ་དང་འཐུན་པར་དཔལ་ལྡན་ས་སྐྱ་པཎྜི་ཏས། གཡས་རུའི་སའི་ཆ་ཤངས་ཀྱི་སྲེག་ཞིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །
442a6 རྒྱ་གར་སྐད་དུ། མ་ཧཱ་ཀཱ་ལ་ཏནྟྲ་རཱ་ཛཱ་ནཱ་མ། བོད་སྐད་དུ། ནག་པོ་ཆེན་པོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས
442a7 ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ལྷ་མོ་རྣམས་ཀྱིས་ཇི་ལྟར་ཐོབ་པ་དེ་བཞིན་བཞུགས་སོ།། ལྷ་མོས་གསོལ་པ། འཁོར་བའི་རྒྱ་མཚོར་ལྷུང་བའི་སེམས་ཅན་དེ་རྣམས་ཐབས་གང་གིས




iiif viewer powered by OpenSeadragon

441b - 442b

Texts on this page

Ty059-015 - rdo rje phur pa rtsa ba'i rgyud kyi dum bu
Ty059-016 - nag po chen po zhes bya ba'i rgyud kyi rgyal po