e-texts navigator
Collection
Volume
Page
Wylie

57b1 དཔའ་བོ་རྣལ་འབྱོར་ཚོགས་ཀྱིས་མཆོད།། ཇི་ལྟར་རྡོ་རྗེ་འཛིན་པ་ཡིས།། ལྷ་མོ་རྣམས་ལ་རྙེད་གཏད་ལྟར།། དེ་བཞིན་གསང་བའི་རྒྱུད་སྡེ་རྣམས།། ཟུང་ལ་སྒྲུབ་པ་ཆེད་དུ་གྱིས།། ལྡན་གསུམ་བརྗོད་ལ
57b2 རྒྱུད་རྣམས་སྦྱིན།། ཕྱི་རབས་དུས་ཀྱི་སྙིགས་མ་ལ།། ཆགས་སེམས་མྱོང་བའི་སློབ་མ་ནི།། གུས་པས་མི་ཞུ་གཡོ་སྒྱུས་འདོད།། ཐོས་ནས་ཁུངས་སུ་བ་རང་ཆེ་འབྱིན།། དེ་ལ་བསྟན་ན་དམ་ཚིག་ཉམས།། ངེས
57b3 བར་དད་ནས་ཞུ་བ་ཡི།། གཅིག་ནས་གཉིས་ལ་མ་སྤེལ་ན།། རྡོ་རྗེ་འཛིན་པའི་རིགས་རྒྱུན་ཆད།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་།། ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པའི
57b4 འཁོར་ཐམས་ཅད་ཀྱིས་རྒྱུད་ཀྱི་དོན་རྟོགས་ནས་རྗེས་སུ་ཡི་རང་ངོ་།། དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་དུར་ཁྲོད་ཀྱི་རྒྱན་རྨད་དུ་བྱུང་བ་རྫོགས་སོ།། ། པཎྜི་ཏ་གཱ་ཡ་དྷ་ར
57b5 དང་། ལོ་ཙ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྐུར་བའོ།། རྒྱ་གར་སྐད་དུ། ཤྲཱི་ཨ་ནཱ་བི་ལ་ཏནྟ་རཱ་ཛཱ་ནཱ་མྲ་བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ
57b6 དང་ལ་རྟོག་པ་མེད་པ་ཞེས་བྱབ། རྡོརྣམཔའི་གྲོལ་ཕྱག་འཚལ་ལོ།། སེམས་ཅན་རྣམས་ལ་ངན་འདོད་པས། ནས་མེད་རབ་ཏུ་བཤད་པེར་བྱ། བླང་བ་མེད་ཅིང་དཔེ་མེད་པ།། ཚིག་གི་ཡུལ་ལས
57b7 རྣམ་པར་འདས། ཞི་ཞིང་བདག་མེད་དག་པ་ཉིད།། མཚན་མང་མཚན་པའི་རྣམ་པར་སྤངས།། ངང་གིས་སངས་རྒྱས་འདིདོ་ཉིད་ཚུལ།། ཁྱད་པར་དུལང་མདོར་བསྡུས་པས།། ཁདག་གིས་གསལ་པས




iiif viewer powered by OpenSeadragon

57a - 58a

Texts on this page

Ty058-020 - pal 'khor lo sdom pa'i rgyud kyi rgyal po dur khrod kyi rgyan rmad du byung ba zhes bya ba
Ty058-021 - rgyud kyi rgyal po rnyog pa med pa zhes bya ba