| | e-texts navigator
|
344b1 བོ་ཤྲཱི་ག་ཡ་དྷ་ར་དང་། བོད་ཀྱི་ལོ་ཙཱབ་གྱི་རྫོ་ཟླ་བའི་འོད་ཟེར་གྱིས་བསྐུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། རྒྱ་གུར་སྐད་དུ། མ་ཧཱ་མཱ་ཡཱཏྟརྠ།
344b2 ནཱརྣམ་ཁོད་སྐད་དུ། སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ།། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ།། མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར།། ཡེ
344b3 ཤེས་ལྔ་དང་སྐུ་གསུམ་ཉིད།། འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ།། ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ།། ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་།། འཇིག་རྟེན་བྱ་བར་རབ་འཇུག་པ།། དེ་སྙེད་རྣམ
344b4 ཕྱག་འཚལ་ལོ།། དེ་ནས་དེ་ལས་རྡོ་རྗེ་མཁའ་འགྲོ་མ་གསང་བའི་དབང་ཕྱུག་མ་རྣམས་ཀྱི་མཆོག་ཏུ་གསང་བ་ཞེས་བྱ་བའི་རྒྱུད་བཤད་པར་བྱ་སྟེ། གང་ཞིག་གིས་ནི་ཀུན་ཁྱབ་པ།། རྒྱུ་དང
344b5 མི་རྒྱུ་ཚངས་སྒོ་ང་།། ལྷ་མོ་ཐམས་ཅད་སྐྱེད་བྱེད་ཅིང་།། ཚངས་ལ་སོགས་པའི་བདག་ཉིད་ཆེ།། དེ་རྣམས་ཀྱི་ནི་གསང་ཚོན་འདི།། སྒྱུ་འཕྲུལ་ཆེན་མོ་དབང་ཕྱུག་ཆེ།། སྒྱུ་འཕྲུལ་ཆེན་མོ
344b6 དྲག་ཆེན་མོ།། འབྱུང་བ་ཡང་དག་སྡུད་མཛད་མ།། གང་གིས་འདི་ཀུན་ལ་ཁྱབ་པ།། རྒྱུ་དང་མི་རྒྱུའི་འཇིག་རྟེན་གསུམ།། དེས་ནི་དེ་ནས་འདི་བསྡུས་ནས།། འཇིག་རྟེན་གསུམ་པོ་ཡང
344b7 སྤྲོའོ།། གསང་བ་པ་རྣམས་མ་འདི་ནི།། སྒྱུ་མའི་བདག་ཉིད་ཅེས་རྣམ་གྲགས།། འཇིག་རྟེན་གསུམ་སྒྲུབ་རིག་མ་སྟེ།། འདོད་པ་ཐམས་ཅད་རབ་སྟེར་བ།། གང་ཞིག་རྣམ་པར་ཤེས་ཙམ།
iiif viewer powered by OpenSeadragon
344a - 345a