| | e-texts navigator
|
486b1 བུའི་བྱི་དོར་བཞིན།། བསམ་མི་ཁྱབ་ལ་སེམས་གཞག་ཀྱང་།། བསྐྱེད་རྫོགས་རིམ་པས་སེམས་གནས་ནས།། དེ་ནི་སྔོན་སྦྱངས་འཕྲོ་ཅན་ཏེ།། སེམས་ཀྱི་ཡིག་མགོ་གཅད་པ་གཅེས།། རང་སེམས་ལ།
486b2 སུ་རུང་བན།། ཛྙཱ་ན་མྲྀ་རྟགས་ནང་དུ་སྟེ།། དེ་ལས་ནང་རྟགས་ཕྱི་རུ་འབྱུང་།། ལུས་ལ་དྲི་མེད་སྲིན་བུ་མེད།། སྭ་དཀར་གཉེར་མ་སོགས་མེད་པ།། བསྐྱེད་དང་རྫོགས་པའི་རྟགས་ཡིན་ནོ།། འཁོར་བ་སྒྱུ་མར།
486b3 སྣང་བ་དང་།། སྤྲིན་མེད་མཁའ་ལྟར་གང་སྣང་བྱ།། བསམ་མི་ཁྱད་པའི་རྟགས་ཡིན་ནོ།། དེ་ནས་འཁོར་འདུས་པ་དེ་དག་ཐམས་ཅད་ཆོས་ཐམས་ཅད་ཀྱི་རང་བཞིན་དེ་ཁོ་ན་ཉིད་བསམ་གྱིས་མི་ཁྱབ་པ་ལ།
486b4 རྗེས་སུ་ཡི་རང་བར་གྱུར་ཏོ།། དཔལ་འཁོར་ལོ་སྡོམ་པའི་གསང་བ་བསམ་མི་ཁྱབ་པའི་རྒྱུད་ཀྱི་རྒྱལ་པོ་བཅོམ་ལྡན་འདས་ཀྱིས་གསུངས་པ་རྫོགས་སོ།། པཎྜི་ཏ་ག་ཡ་དྷ་ར་དང་།
486b5 ལོ་ཙྪ་བ་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། རྒྱ་གར་སྐད་དུ། ཤྲཱི་ཁ་ས་མ་ཏནྟ་རཱ་ཛ་ནཱ་མ། བོད་སྐད་དུ། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད
486b6 ཀྱི་རྒྱལ་པོ་ཞེས་བྱ་བ། དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས
486b7 རྡོ་རྗེ་བཙུན་མོའི་བྷཾ་གཱ་ལ་སྙོམས་པར་ཞུགས་སོ།། དེའི་ཚེ་འཁོར་འདུས་པ་དེ་དག་གི་ནང་ནས་མཁའ་སྤྱོད་དང་། ས་སྤྱོད་དང་། ས་འོག་ན་སྤྱོད་མ་གསུམ་ལ་བཅོམ་ལྡན་འདས་ཀྱིས་ཞལ་འཛུམ་པ་མཛད
iiif viewer powered by OpenSeadragon
486a - 487a