| | e-texts navigator
|
185b1 པས་བསྐུར་ཅིང་ཞུས་ཏེ་གཏན་ལ་འབུ། ཙུག་ཏོ་ནམ་པདསུ་པ་ལས་བདུད་ཀྱི་ལེའུ་འབྱུང་བུ། བཅོམ་ལྡན་འདས་ཀྱིས
185b2 བཀའ་སྩལ་ད་མཐའ་ཡས་ཁྱོད་ཀྱིས་འདི་ལྟར་ཤེས་པར་གྱིས་ཤིག། བྱང་ཆུབ་ཀྱི་དཀྱིལ་འཁོར་ལ་གནས་པ་ནི་འདུ་ཤེས་ཐམས་ཅད་འབྱུང་བར་འགྱུར་རོ།། དེ་ཉིད་འདུ་ཤེས་སྤངས
185b3 པ་ཡིད་ནོ།། དེས་ན་སྙིང་པོ་ཐམས་ཅད་སྡང་བར་འགྱུར་ཏེ། གཡོ་བ་རྣམ་པར་དག་པས་གཞན་དུ་ཐ་མི་དང་། ཟན་པ་བརྗེད་པས་ཡང་དག་པ་དང་གཅིག་གོ།། དེ་ཁོན་ལ་གནས་ཏེ་ཏིང་ངེ་འཛིན།
185b4 དུ་ཞུགས་ན། དཔེར་ན་མིག་སྣང་བའི་མི་མུན་པ་ཆེན་པོའི་ནང་ན་འདུག་པ་དང་མཚུངས་ཏེ། བྱང་བ་ཉིད་ཤིན་ཏུ་གཙང་མོད་ཀྱི། སེམས་ལ་འོད་མ་བྱུང་བས། དེ་ནི་གཟུགས་ཀྱི་ཕུང་རོལ་།
185b5 ཁྱིམ་ཡིན་ནོ།། མིག་དག་གསལ་བས་ཕྱོགས་བཅུ་ཐོགས་པ་མེད་པར་མཐོང་སྟེ། མུན་པ་དང་མི་སྣང་བ་མེད་ན། དེ་ནི་གཟུགས་ཀྱི་ཕུང་པོ་ཟད་པས་བསྐལ་པའི་རྙོག་པ་མ་ལས་རྒལ་ཏོ།།
185b6 དེའི་དོན་བརྟགས་ན་མི་བདེན་པའི་སེམས་དམ་དུ་འཛིན་པ་ལས་བྱུང་ངོ་།། སེམས་དེ་ལ་བསྒོམ་པ་སྟོང་ཞི་ཞིང་སྡང་གསལ་བར་གྱུར་ན། སྐད་ཅིག་ཏུ་ལུས་ཀྱི་དབང་ཐོབ་སྟེ། ལུས་གཟུགས་ལས
185b7 ཐོགས་པ་ཐོབ་བོ།། དེའི་མིང་ནི་བྱང་བའི་མཐུ་སྐྱེས་པ་ཟད་དོ།། སེམས་ནི་སྟོང་ཞི་ཞིང་སྣང་གསལ་ན། བདག་གིས་ལུས་ཀྱི་ནང་ན་ཅི་འདུག་པ་ཀུན་སྣང་སྟེ། བདག་གིས་ལུས་ལ་གློ་བུར་དུ་སྲིན་གྲོལ
iiif viewer powered by OpenSeadragon
185a - 186a