e-texts navigator
Collection
Volume
Page
Wylie

244b1 དང་། དྲི་ཟར་བཅས་པའི་འཇིག་རྟེན་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་བྲལ་ཡི་རང་སྟེ་མངོན་པར་བསྟོད་དོ།། འཕགས་པ་སེང་གེའི་སྒྲ་བསྒྲགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི
244b2 མི་རྫོགས་སོ།། རྒྱ་གར་གྱི་མཁན་པོ་བིད་དྷ་ཀ་ར་སིང་ཧ་དང་། ལོ་ཙ་བ་བནྡྷེ་སྭ་རྗེ་ཡེ་ཤེས་སྙིང་པོས་བསྒྱུར་བ།
244b3 རྒྱ་གར་སྐད་དུ་ཨཱརྱ་བྷ་བ་སང་ཀྲཱན་ཏི་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སྲིད་པ་འཕོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང
244b4 ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ནུ་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚུལ་བྱ་ཀ་ལ་ན་ཏ་ཀ་གནས་པ་ན
244b5 དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་འཁོར
244b6 བརྒྱ་སྐྱོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ།། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ་མ་འདྲེས
244b7 པ་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ་ཡོངས་སུ་བྱང་བ་ཡང་དག་པར་སྟོན་ཏོ།། དེའི་ཚེ་ཡུལ་མ་ག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར




iiif viewer powered by OpenSeadragon

244a - 245a

Texts on this page

Ty041-013 - 'phags pa seng ge'i sgra bsgrags pa zhes bya ba theg pa chen po'i mdo
Ty041-014 - 'phags pa srid pa 'pho ba zhes bya ba theg pa chen po'i mdo