e-texts navigator
Collection
Volume
Page
Wylie

238a1 ཉན་ཐོས་ཆེན་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷ་དང་། ཀླུ་དང་། ཝ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན
238a2 འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོང་ངོ་།། འཕགས་པ་བུད་མེད་འགྱུར་བ་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།
238a3 རྒྱ་གར་སྐད་དུ། ཨཱརྱ་སིང་ཧ་ན་དི་ཀན་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སེང་གེའི་སྒྲ་བསྒྲགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས
238a4 དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཉི་ཟླའི་གནས་རྣམ་པར་རྒྱལ་བྱེད་ཀྱི་ཁང་བཟངས་ཀྱི་ནང་ན་དགེ་སློང་གི་དགེ
238a5 འདུན་ཆེན་པོ་དགྲ་བཅོམ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་དང་ཐབས་ཅིག་ཏུ་བཞུགས་སོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་རྣམ་པར
238a6 རྒྱལ་བའི་ཕུང་པོ་ལ་བཀའ་སྩལ་པ་རྣམ་པར་རྒྱལ་བའི་ཕུང་པོ་ཁྱོད་སངས་རྒྱས་ཀྱི་ཞིང་འདི་ནས་བྱང་ཕྱོགས་ལོགས་ན། གངྒཱའི་ཀླུང་དྲུག་ཅུའི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང
238a7 རྡུལ་ཕྲ་རབ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས




iiif viewer powered by OpenSeadragon

237b - 238b

Texts on this page

Ty041-012 - 'phags pa bud med 'gyur ba lung bstan pa zhes bya ba theg pa chen po'i mdo
Ty041-013 - 'phags pa seng ge'i sgra bsgrags pa zhes bya ba theg pa chen po'i mdo