| | e-texts navigator
|
275a1 རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲངྒ་དང་། དྷརྨ་པཱ་ལ་དང་། ཛིན་མིཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དྷེ་དྷ.ཱཏྨ་ཤཱི་ལ་དང་བར་ལུས་ཀྱི་ལོ་ཙྪ་བ་བན་ཏེ་དེ་བེན་དྲཱ་ཤཱི་ལ་དང་།
275a2 ཀུ་མ་ར་ཤཱི་ལ་ལ་སོགས་པས་ཞུས་ཏེ་གཏན་ལ་ཕབ་པ།། ། རྒྱ་གར་སྐད་དུ.ཨཱརྱ་ཛུ་མ་ཀི་ན་ན་རཱ་ཛ་པ་ཟད་ཚ་ནཱ་མ་མ་ཧཱ་མཱན་ཏུ་ཏྲ
275a3 བོད་སྐད་དུ་འཕགས་པ་མིའམ་ཅིའི་རྒྱལ་པོ་ལྗོན་པས་ནུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག
275a4 གི་ས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་ག་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་དྲུག་ཁྲི་ཉིས་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམ
275a5 དཔའ་ཆེན་པོ་པལ་རེར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཞན་ནས་འདུས་པ་བདུན་ཁྲི་ཉིས་སྟོང་ཐམས་ཅད་ཀྱང་མངོན་པར་ཤེས་པ། གཟུངས་ཐོབ་པ་། སྤོབས་པ་ཆགས་པ་མེད་པ
275a6 ཏིང་ངེ་འཛིན་ཐོབ་པ་། དྲན་པ་དང་། བློ་གྲོས་དང་ག་རྟོགས་པ་དང་མོས་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ཕུན་སུམ་ཚོགས་པ་། བསམ་པ་རྡོ་རྗེ་ལྟར་བརྟན་ཞིང་མི་བྱེད་པ
275a7 སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྦྱོར་བ་ཕུན་སུམ་རོགས་པ་དང་། ལྷག་པའི་བསམ་པ་ཁྱད་པར་དུ་བ་པགས་པ་ལ་ཞུགས་པག་བདག་ཉིད་བྱང་ཆུབ་ཀྱི་སེམས་མི་འདོར་བ་ཀ་སེམས་ཅན
iiif viewer powered by OpenSeadragon
274b - 275b