e-texts navigator
Collection
Volume
Page
Wylie

146a1 ཚེ་དང་ལྡན་པ་ཀུན་དགའ་བོ་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་ལྔ་དང་། མི་དང
146a2 ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཚངས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན
146a3 པོའི་མདོ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ཙྪ་བ་བན་དྷ་ཡ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།
146a4 རྒྱ་གར་སྐད་དུ། ཨཱུརྱ་རཏྣ་ཀོ་ཊི་ར་ནཱ་མ་མ་ཧཱ་ཡཱ་ན་སུ་དྲ། བོད་སྐད་དུའཕགས་པ་རིན་པོ་ཆེའི་མཐའ་ཞེས་བྱ་བ་ཐེག་པུ་ཆེན་པོའི་མདོ།། སངས
146a5 རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་ལྔ་བརྒྱ
146a6 ཐམ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ།། དེ་ནུས་འཇམ་དྲཔལ་གཞོན་ནུར་གྱུར་པ་མཚུན་མི་སྲོད་ལ་བཅོམ་ལྡན་འདས་ཀྱི་བཞུགས་ཁང་ག་ལ་བ་དེར་སོང་རྗེ་བྱིན
146a7 ནས་བཟུགས་ཁང་གི་སྒོ་དྲུང་ན་འགྲེང་སྟེ། བཅོམ་ལྡན་འདས་ལ་བསྟོད་དོ།། དེའི་ཚེ་བཅོམ་ལྡན་འདས་རིན་པོ་ཆེའི་མཐའ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ནས།




iiif viewer powered by OpenSeadragon

145b - 146b

Texts on this page

Ty036-003 - 'phags pa tshangs pas zhus pa zhes bya ba theg pa chen po'i mdo
Ty036-004 - 'phags pa rin po che'i mtha' zhes bya ba theg pa chen po'i mdo