e-texts navigator
Collection
Volume
Page
Wylie

130b1 འདུས་པ་ཆེན་པོའི་ལེའུ་ལས་འཕགས་པ་ནམ་མངའ་མཛོད་ཀྱིས་ཞུས་པ་ཞེས་བྱ་བཐེག་པ་ཆེན་པོའི་མ་རྫོགས་སོ།། རྒྱ་གར་གྱི་མ་ཁན་པོ་བཇས་ཤི་ལད
130b2 ཤཱི་ལེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དྷེ་ཡེ་ཤེས་སྔས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།།
130b3 རྒྱ་གར་སྐད་དུ། ཨཱརྱཱན་ག་ར་ཨ་བ་ལ་བི་ཀཱ་ནཱ་མཱ་མ་ཎྜ་ཡཱན་ས+འུ་རྠ། བོད་སྐད་དུ་ཆུ་འཕགས་པ་གྲོང་ཁྱེར་གྱིས་འཚོ་བ་ཞེས་བྱ་བ་ཐེག་པ་རྐྱེན་པོའི་མདོ།། སངས་རྒྱ
130b4 དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན
130b5 དགའ་ར་བ་ནུ་ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང
130b6 འཇིག་རྟེན་སྐྱོང་བ་དང་། རྒྱལ་པོ་དང་བློན་པོ་དང་། བྱང་ཆུབ་སེམས་དཔའ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ཀྱིས་བཀུར་སྟིར་བྱས
130b7 བླ་མར་བྱས་མཆོད་ཅིང་རྗེད་དེ། པདྨ་ཆུས་མ་གོས་པ་བཞིན་དུ་བཞུགས་སོ།། དེ་ནས་དེའི་ཚེ་རྒྱལ་པོ་གསལ་རྒྱལ་གྱིས་དེ་བཞིན་གཤེགས་པ་ལ་མཆོད་པའི་ཕྱིར་སྟོན་ཟླ་ཐ་ཆུང་ཟླ་བ




iiif viewer powered by OpenSeadragon

130a - 131a

Texts on this page

Ty036-001 - 'phags pa nam mkha' mdzod kyis zhus pa zhes bya ba theg pa chen po'i mdo
Ty036-002 - 'phags pa grong khyer gyis 'tsho ba zhes bya ba theg pa chen po'i mdo