| | e-texts navigator
|
365b1 གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་དེས་རང་གི་མངོན་པར་ཤེས་པས་མངོན་པར་རྫོགས་པར་སངས་རྒྱས་ཏེ། བཤད་པ་གོ་འཕང་དམ་པ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ
365b2 བྱའི་ནས། དགེ་སློང་དེ་དག་ཡི་རང་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་པ། བར་སྡོམ་ནི། འདུ་ཤེས་ཐ་དང་གཟུབས་ཅན་དང་།། ནང་དང་རྟབ་པར་ལྟ
365b3 དང་།། གྲིབ་དང་ཆུ་དང་ཁར་བ་དང་།། སྐྱེས་བུ་གདུལ་བྱ་ཐ་མ་ཡིན།། མདོ་ཆེན་པོ་ལྔ་གསུམ་པ་ཞེས་བྱ་བ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་ཛི་ན་མཻ་ཏྲ་དང་། པྲཛྙཱ་བ
365b4 དང་ཞུ་ཆེན་གྱི་ལོ་ཙ་བ་བན་དྷེ་ཡེ་ཤེས་སྔ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། @རྒྱ་བར་སྐད་དུ། མཱ་ཡ་ཛྭ་ལན་རཱ་བི་མཧཱ
365b5 སྭཱངྱས། བྱང་སྐང་དུ། མང་ཆེརན་པ་སྒྱུ་ནའི་དྲ་བ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་ཡང་བདག་གིས་ཐས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡང་བར་རྣམ
365b6 དུརྒྱལ་བྱེད་ཀྱི་ཚལ་མགོན་མེད་རས་མྱུར་གྱི་ཀུན་དགའ་རོ་བ་ན་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ལྷག་ངའི་ཚུལ
365b7 རྨོངས་ཀྱི་བསླབ་པ་ཡང་ལ་ལྤས་པའི་སེམས་མེད་ཅིང་། ལྡས་པའི་ཤེས་རབ་མེད་པ་དང་། ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་ཀྱི་བསླབ་པ་ཡོད་ལ། ལྡབ་པ་རྫོགས་རབ་མང་པའང་།
iiif viewer powered by OpenSeadragon
365a - 366a