e-texts navigator
Collection
Volume
Page
Wylie

335a1 པོ་མ་ཉྫུ་ཐཱི་གདྷ་དང་། བིཛ་ཡ་ཤཱི་ལ་དང་ཤཱི་ལེན་དྲ་བོ་དྷེ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན
335a2 ལ་ཕབ་པའོ།། ། ཆོས་ཀུན་བགྲོ་བ་དང་འགྱུར་ཁྱད་ཅུང་ཟད་ཙམ་སྣང་སྟེ། མདོ་གཅིག་ཅིང་སྐད་གསར་བཅད་ཡིན་ནོ།། ཐེ་ཚོམ་མི་འཚལ་ལགས།
335a3 རྒྱ་གར་སྐད་དུ། ཨརུ་དྷརྨཱ་སྐན་དྷོ་ནཱ་མ་མཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཆོས་ཀྱི་ཕུང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས
335a4 རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སེར་སྐྱའི་གནས་ནས་ཤིང་ནྱ་གྲོ་ངའི་ཀུན་དགའ་ར་བ་ན།
335a5 དགེ་སློང་ལྔ་བརྒྱ་ཐམ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་དང་།
335a6 ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཚེ་དང་ལྡན་པ་སྒྲ་གཅན་ཟིན། བཅོམ་ལྡན་འདས་གལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ
335a7 མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་ནས། ཚེ་དང་ལྡན་པ་ཤཱ་རིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས




iiif viewer powered by OpenSeadragon

334b - 335b

Texts on this page

Ty031-003 - 'phags pa chos yang dag par sdud pa zhes bya ba theg pa chen po'i mdo
Ty031-004 - 'phags pa chos kyi phung po zhes bya ba theg pa chen po'i mdo