e-texts navigator
Collection
Volume
Page
Wylie

155b1 བླངས་ནས། བཅོམ་ལྡན་འདས་དེའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སེམས་བསྐྱེད་དོ།། འདི་ནི་མ་འོངས་པའི་སེམས་ཅན་བྱེ་བ་སྙེད་དག་ལུང་སྟོན་པ། སྤྲིན་ཆེན་པོའི་མདོ།། ཆོག་པར་བརྒྱད་པ།
155b2 སྦྱར་བའི་ལེའུ་འབུམ་པ་ལས་ལུང་བསྟན་པའི་རྒྱུད་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། སྤྲིན་ཆེན་སྙིང་པོ་ལ་སོགས་པ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་།
155b3 མཽ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་རྣམས་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་སྤྲིན་ཆེན
155b4 པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོ་དྷེ་དང་། ཞུ་ཆེན་གྱི་ལོ་ཚ་བ་བན་དྷེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་བབ་པ།།
155b5 རྒྱ་གར་སྐད་དུ། ཨཱརྱ་ཨང་གུ་ལ་མཱ་ལཱི་ཡ་ནཱ་མ་མ་ཧཱ་ཡཱ་ན་སུ་ཏྲ་བོད་སྐད་དུ། འཕགས་པ་སོར་མོའི་ཕྲེང་བ་ལ་ཕན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
155b6 སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན
155b7 མེད་ཟས་སྦྱིན་གྱི་ཀུན་དགའི་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་ཤ་སྟག་མང་པོ་དང་། འཁོར་བཞི་དང




iiif viewer powered by OpenSeadragon

155a - 156a

Texts on this page

Ty027-001 - 'phags pa sprin chen po zhes bya ba theg pa chen po'i mdo
Ty027-002 - 'phags pa sor mo'i phreng ba la phan pa zhes bya ba theg pa chen po'i mdo