| | e-texts navigator
|
88a1 ཕྱག་འཚལ་ལོ། ། སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། དཔལ་ཆེན་མོ་ལ་ཕྱག་འཚལ་ལོ།། འདི་ལྟ་སྟེ། ཛི་ན། གྷྲྀ་ཎི། དགོས་པ་ཐམས་ཅད་སྒྲུབ
88a2 པར་མཛད་མ། སི་མི་སོ་མི། ནི་མི་ནི་མི། བདག་གིས་མི་ཤེས་པ་ཐམས་ཅད་བསལ་བར་མཛོད་ཅིག་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ
88a3 སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་འོ། ། དཔལ་གྱི་ལྷ་མོའི་མཚན་བཅུ་གཉིས་པ་རྫོགས་སོ།། །
88a4 རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། རྒྱ་གར་སྐད་དུ། ཨཱརྱ
88a5 སརྦ་ཀརྨྨ་ཨཱ་བ་ར་ཎ་བི་ཤོ་དྷ་ནི་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྐྱོང་བ་ཞེས་བྱ་བའི་གཟུངས། བཅོམ་ལྡན་འདས་མི་འཁྲུགས་པ་ལ་ཕྱག་འཚལ་ལོ།།
88a6 ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ན~ཾ་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ན~ཾ། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་ར་པ་རཱ་ཎི་མེ་སྭཱ་ཧཱ། གཟུངས་སྔགས་འདིའི་ཆོ་ག་འདི་ཡིན་ཏེ། རྟག
88a7 བཟླས་བརྗོད་བྱས་ན་ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། ། དུས་གསུམ་དུ་བཟླས་བརྗོད་བྱས་ན་མཚམས་མེད་པ་ལྔའང་འབྱང་བར་འགྱུར་རོ།། ལན་ཅིག
iiif viewer powered by OpenSeadragon
87b - 88b