e-texts navigator
Collection
Volume
Page
Wylie

98a1 བར་འགྱུརརོ། ། གཞན་དུ་མི་སེམས་པའི་ཡིད་ཀྱིས་བཟླས་པ་བྱས་ན། ཟླ་བ་གཅིག་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མ་རིག་པ་ཆེན་མོ་བདག་ཉིད་སྟོན་ཏེ། འཕག
98a2 པ་འོད་དཔག་མེད་ཀྱང་མཐོང་ངོ་། ། བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ།། སྐྱེ་བ་དྲན་པ་དང་ཐོས་པ་འཛིན་པར་ཡང་འགྱུར་རོ།། གང་དང་གང་དུ་སྐྱེས་པ་དེ་དང་དེར་དམ་པའི་ཆོས་དང་མི་འབྲལ
98a3 བར་འགྱུར་རོ། ། ལོངས་སྤྱོད་ཆེན་པོར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང་། བྱང་ཆུབ་སེམས
98a4 དཔའ་དེ་དག་དང་། དགེ་སློང་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་སྤྱན་རས་གཟིགས
98a5 དབང་ཕྱུག་གི་ཡུམ་ཞེས་བྱ་བའི་གཟུངས་རྫོགས་སོ། ། །། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་།། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས
98a6 ཏེ། སྐད་གསར་བཅད་ཀྱིས་བཅོས་ནས་གཏན་ལ་ཕབ་པའོ།། །། རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏ་མཱ་ཏ་ནི་ཏྲ་རཱ་བི་ཤྭ་ཀརྨ་བྷ་བ་ཏནྟྲ་ནཱ་མ། བོད
98a7 སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་སྒྲོལ་མ་ལས་སྣ་ཚོགས་འབྱུང་བ་ཞེས་བྱ་བའི་རྒྱུད། འཕག་པ་འཇམ་དཔལ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས




iiif viewer powered by OpenSeadragon

97b - 98b

Texts on this page

S675 - 'phags pa spyan ras gzigs dbang phyug gi yum zhes bya ba'i gzungs
S676 - de bzhin gshegs pa thams cad kyi yum sgrol ma las sna tshogs 'byung ba zhes bya ba'i rgyud