e-texts navigator
Collection
Volume
Page
Wylie

96a1 གང་ཡིན་པ་དེའི་རྗེས་ཕྱོགས་སུ་སོང་བའི་སེམས་ཅན་གཞན་གྱི་ལུས་ལ་རེག་པར་གྱུར་ན། དེ་དག་གི་སྒྲིབ་པ་དང་སྡིག་པའི་ལས་ལྕི་བ་ཐམས་ཅད་མ་ལུས་པར་ཡོངས་སུ
96a2 འབྱུང་བར་འགྱུར་བས། ཡང་ངན་འགྲོ་གསུམ་པོ་དག་གི་རྣམ་པར་སྨིན་པ་མྱོང་བར་མི་འགྱུར་ཞིང་། རྟག་པར་སངས་རྒྱས་ཀྱི་སྤྱན་སྔར་སྐྱེ་བར་འགྱུར་བས་ན། འདོན་པ་དང་ཡོངས་སུ་འཛིན་པདེ
96a3 དག་གིས་ཐོབ་པའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་པར་རིག་པར་བྱའོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོའི་གཟུངས་ཕན་ཡོན་དང་བཅས་པ་ཞེས་བྱ་བ་མདོ་ལས
96a4 བསྡུས་པ་རྫོགས་སོ། ། ། དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། རྒྱ་གར་སྐད་དུ། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་མཱ
96a5 ཏེ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཡུམ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག
96a6 གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གྲོང་ཁྱེར་ཡངས་པ་ཅན་ན་འཁོར་ཆེན་པོས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་བཞུགས་ཏེ། ཉན་ཐོས་ཆེན་པོ་ཤཱ་རིའི་བུ་ལ་སོགས
96a7 པ་དགེ་སློང་ལྔ་བརྒྱ་དང་། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས། བཅོམ་ལྡན་འདས་གདན




iiif viewer powered by OpenSeadragon

95b - 96b

Texts on this page

S674 - 'phags pa spyan ras gzigs dbang phyug thugs rje chen po'i gzungs phan yon mdor bsdus pa zhes bya ba
S675 - 'phags pa spyan ras gzigs dbang phyug gi yum zhes bya ba'i gzungs