| | e-texts navigator
|
91b1 པའི་ཚེ། ། རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན།། མཆིལ་མ་ལན་གསུམ་བྱུགས་པས་སྤངས་བཞི།། སེམས་ཅན་རྙོག་པས་མི་དགེ་བསྐྱེད་པས་ན།། བྱང་སྙེམས་སྔངས་དང་དགྲས་ནི་གཙེས
91b2 པའི་ཚེ། ། རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་པཟླས་ན།། སྟེམས་གདོན་དེ་ཀུན་གཏོང་བའི་མི་ལ་འདུ།། སྡིག་འཕེལ་སྙིགས་མས་དམ་ཆོས་འཇིག་པ་ན།། འདོད་པའི་མེ་ཆེན་སེམས་ནི་རྨོངས་ལོག་པས།
91b3 ཁྱོ་ཤུག་སོ་སོར་གཞན་ལ་འདོད་ཞེན་ནས།། ཉིན་མཚན་ལོག་བསམས་རྒྱུན་མི་འཆད་པའི་ཚེ།། གང་ཞིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན།། འདོད་པའི་མེ་ཞི་ལོག་པའི་སེམས་བསལ་འགྱུར།།
91b4 བདག་གིས་གཟུངས་འདིའི་མཐུ་སྟོབས་རྒྱས་བརྗོད་ན།། བསྐལ་བར་བརྗོད་ཀྱང་མཐར་ཐུག་ཡོང་མི་འགྱུར།། ཡིད་བཞིན་གྱི་ནོར་བུའི་རྟོགས་པ་རྫོགས་སོ།། །
91b5 བྱཾ། རྒྱ་གར་སྐད་དུ། མ་ཧཱ་ཀཱ་རུ་ཎི་ཀ་ནཱ་མ། ཨཱརྱ་ཨ་བ་ལོ་ཀེ་ཏེ་ཤཱ་ར་དྷཱ་ར་ཎི། ཨ་ནུ་ཤཾ་ས་ས་ཧ་ཏི་སཱུ་ཏྲཾ་ཏ་སཾ་གྲི་ཧི་ཏ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ
91b6 ཆེན་པོའི་གཟུངས་པན་ཡོན་མདོར་བསྡུས་པ་ཞེས་བྱ་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུགས་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན
91b7 འདས་རི་བོ་བོ་ཊ་ལ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་ན། བྱང་ཆུབ་སེམས་དཔའ་གྲངས་མེད་དཔག་ཏུ་མེད་པའི་འཁོར་གྱིས་བསྐོར་ནས། དེའི་ཚེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག
iiif viewer powered by OpenSeadragon
91a - 92a