| | e-texts navigator
|
57a1 བཟའ་བ་དེ་ལྟ་བུར་ཞག་བདུན་གྱི་བར་དུ་བྱས་ན་ཉིན་གཅིག་ཀྱང་ཡི་གེ་ཤོ་ལོ་ཀ་སྟོང་ལོབས་པར་འགྱུར་རོ། ། ཤོ་ལོ་ཀ་སྟོང་ལོངས་པའི་གཟུངས་རྫོགས་སོ།།
57a2 དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།།
57a3 ཐཱ། སྠི་ཏི་མ་ཏི་མ་ཏི། ཏེ་ཛྭ་བི་དཱ། དྷུ་རུ་མེ་ཧ་ར་ཧུ་རུ་ཀྲྀཥྚ་ཧུ་རུ་མེ་སྭཱཿ། ཤུ་དག་དཀར་པོ་ལ་སྔགས་འདི་བཟླས་བརྗོད་བྱས་ཏེ་ཟོས་ན་གདོན་མི་ཟ་བར་ཐོས་པ་འཛིན་པར་འགྱུར་རོ།། མི་བརྗེད
57a4 པའི་གཟུངས་རྫོགས་སོ། ། །། རྒྱ་གར་སྐད་དུ། པྲཛྙཱ་བར་དྷ་ནི་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། ཤེས་རབ་བསྐྱེད་པ་ཞེས་བྱ་བའི་གཟུངས། ན་མོ་རཏྣ
57a5 ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། སཱ་ལ་ཏེ། སྑ་ལ་ཏེ། མ་ནི་ཏེ་སཱཧཱ། རིག་སྔགས་འདིའི་ཆོ་ག་ནི་འདི་ཡིན་ཏེ། ཁྱོར་ཆུ་ལ་ལན་གསུམ
57a6 བཟླས་ཏེ་འཐུངས་ན་ཞག་བདུན་ནས་ཐོས་པ་འཛིན་པར་འགྱུར་རོ། ། ཤེས་རབ་བསྐྱེད་པའི་གཟུངས་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་།། ལོ
57a7 བ་བན་དྷེ་ཀླུའི་དབང་པོས་བསྒྱུར། རྒྱ་གར་གྱི་མཁན་པོ་བིདྱཱ་ཀཱ་ར་སི་ཧ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དྷེ་དེ་བ་ཙན་དྲས་ཞུས་ཏེ་གཏན་ལ་ཕབ་པ།
iiif viewer powered by OpenSeadragon
56b - 57b