e-texts navigator
Collection
Volume
Page
Wylie

53a1 @བཟླས་བརྗོད་བྱས་ན་ཆུ་འབྱུང་བར་འགྱུར་རོ། ། ནད་ཐམས་ཅད་ལ་ལག་པས་ཁྱབ་ཅིང་བཟླས་བརྗོད་བྱས་ན་སོས་པར་འགྱུར་རོ།། དྲན་པ་ཉམས་པའི་མདུན་དུ་བཟླས་བརྗོད་བྱས་ན
53a2 དྲན་པ་རྙེད་པར་འགྱུར་རོ། ། བཀྲེས་པ་དང་སྐོམ་པའི་གདོང་དུ་བལྟས་ཏེ་བཟླས་བརྗོད་བྱས་ན་ཕྱིད་པར་འགྱུར་རོ།། མི་ངས་ཆེན་པོ་བྱུང་ན་རས་ལ་བྲིས་ཏེ་རྒྱལ་མཚན་གྱི་རྩེ་མོར་བཏགས་ཏེ། དཔག་ཚད
53a3 ཚུན་ཆད་མཚམས་བཅད་པ་དང་བསྲུང་བ་བྱས་པར་འགྱུར་རོ། ། འཕགས་པ་ལུས་ཀྱི་དབྱིབས་མཛེས་ཞེས་བྱ་བའི་གཟུངས་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་པྲཛྙཱ་བརྨ་དང་།
53a4 ཁྲུ་ཆེན་གྱི་ལོ་ཙ་བ་བན་རྗེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་བབ་པའོ།། རྒྱ་གར་སྐད་དུ། ཨཱརྱ་ཨ་བྷ་ཡ་པྲ་དཱ་ནཱ་མ་ཨ་བ་ར་ཛ~ཾཏ།
53a5 སྐད་དུ། འཕགས་པ་གཞན་གྱིས་མི་ཐུབ་པ་མི་འཇིགས་པ་སྦྱིན་པ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། གྲུབ་པ་ཐམས་ཅད་ལ་ཕྱག་འཚལ་ལོ།།
53a6 སངས་རྒྱས་ལ་ཕྱག་འཚལ་ལོ།། ཆོས་ལ་ཕྱག་འཚལ་ལོ།། དགེ་འདུན་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས
53a7 བང་བྱུག་ལ་ཕྱག་འཚལ་ལོ། ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བ་ལ་ཕྱག་འཚལ་ལོ།། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ལས་གྲོལ་བར་མཛད་པ་ལ་ཕྱག་འཚལ་ལོ།། སེམས་ཅན




iiif viewer powered by OpenSeadragon

52b - 53b

Texts on this page

S660 - 'phags pa lus kyi dbyibs mdzes pa zhes bya ba'i gzungs
S661 - 'phags pa gzhan gyis mi thub pa mi 'jigs pa spyin pa zhes bya ba