| | e-texts navigator
|
286b1 གང་བསྒྲུབ་པ་དེ་གྲུབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས། མཆོད་པ་རྣམ་པ་ལྔ་པ་གཅིག་གིས་མཆོད་ལ། འབྱུང་པོ་པལ་རྣམས་ལའང་གཏོར་མ་རྒྱ་ཆེར་སྦྱིན་ནོ།། བདག་བསྲུང་བ་དང་མཚམས་གཅད་པའང
286b2 མོ་གྷ་པཱ་ཤའི་གཟུངས་དེ་ཉིད་ཀྱིས་ཚུལ་བཞིན་དུ་བྱས་ན། དབང་ཚེས་བརྒྱད་ལ་བྱ་བའི་རིགས་སོ།། ཆོ་ག་འདི་བགེགས་ཀྱིས་བརླམས་པ་ལ་སོགས་པ་གོང་དུ་སྨོས་པ་རྣམས་ལས་ཐར་པར་འགྱུར་བ་འབའ་ཞིག་ཏུ་མ
286b3 ཟད་ཀྱི། མི་ཐ་མལ་པ་ལ་བྱས་ནའང་ཕྱིས་བགེགས་དང་བྱད་སྙེམས་ཀྱིས་མི་ཚུགས། ནད་འགོ་བས་མི་ཐེབས། དཔལ་ཆེ་ཞིང་བསམས་སོ་ཅོག་འགྲུབ་པར་འགྱུར་རོ།། རིན་པོ་ཆེ་སྣ་ལྔ་ལ་གསེར། བྷུ་རུ།
286b4 མུ་ཏིག། དུང། ཤེལ། སྨན་ལྔ་ལ། ས་དྷི།། གི་རི་ཀ་ཌེ། ནིས་ཧ། ས་བདེ་བ། འབྲུ་སྣ་ལྔ་ལ། ནས་སོ་པ། འབྲས་སོཔ། ཏིལ~ཾ། ཀྲོ། མོན་སྭཱ།། མངའོ།། འཕགས་པ
286b5 དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བའི་གཟུངས་རྫོགས་སོ། ། རྒྱ་གར་སྐད་དུ། ཨརྱ་ཨ་མོ་གྷ་པཱ་ཤ་བཱ་ར་ར་མི་ཏ་ཥ་ཊ་པཱ་རི་པཱུ་ར་ཡ་ནཱ་མ་དྷཱ་ར་ཎི
286b6 བོད་སྐད་དུ། འཕགས་པ་དོན་ཡོད་ཞགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱ་བའི་གཟུངས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག
286b7 འཚལ་ལོ། ། དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགྲས
iiif viewer powered by OpenSeadragon
286a - 287a