| | e-texts navigator
|
297a1 པལ་མངོན་པར་བསྟོད་དོ། ། འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཅེས་བྱ་བའི་གཟུངས་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ
297a2 བིདྡྷ་ཀར་སི་ས་དང་། ཞུ་ཆེན་གྱི་ལོ་ཙོང་བན་དྷེ་དཔལ་གྱི་ལྷུན་པོའི་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ཇོ་བོས་ཏྲི་ཤ་དང་། དགེ་བ་ཤེས་འཅོམ་སྟོན་པས་སྔགས་རྣམས་དག་པར
297a3 བཅོས་སོ། ། རྒྱ་གར་སྐད་དུ། ཀཱ་རུ་ཎ་ཨ་གྲ་ནཱ་མདྷཱ་ར་ཎི། བོད་སྐད་དུ། སྙིང་རྗེའི་མཆོག་ཅེས་བྱ་བའི་གཟུངས། ཐམས་ཅད
297a4 མཁྱེན་པ་ལ་ཕྱག་འཚལ་ལོ། ། ཕྱག་ན་པདྨ་བསྣམས་པ། སེམས་ཅན་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱི་ཚང་ཚིང་དུ་ནུབ་པ་རྣམས་ཡང་དག་པར་བསྒྲལ་བའི་ཕྱིར་བློ་གྲོས་ཤར་བ་ལ་ཕྱག་འཚལ་ལོ།།
297a5 དེ་བཞིན་གཤེགས་པའི་གསང་སྔགས་ཀྱི་མཆོག་སྙིང་རྗེ་ཆེན་པོའི་རྩེ་མོ་འཆར་བ། ཐོགས་པ་མེད་པའི་དོན་ཡོན་པའི་ལས་ཀྱི་དངོས་གྲུབ་དེ་བཞིན་གཤེགས་པའི་ཞལ་ནས་བྱུང་བ། སེམས
297a6 ཅན་གྱི་དཀྱིལ་འཁོར་མ་ལུས་པའི་ལས་ཀྱི་སྒྲིབ་པ་དང་ངན་སོང་གི་སྡུག་བསྔལ་རྣམ་པ་སྣ་ཚོགས་ཞི་བར་བྱེད་པ། ཕན་པ་མ་ཡིན་པ་དང་། བཀྲ་མི་ཤིས་པ་དང་། རྨི་ལམ་ངན་པ་དང་། ལྟས
297a7 ངན་པ་ཐམས་ཅད་དང་། ནང་རྣམ་པ་དུ་མ་དང་། དུས་མ་ཡིན་པར་འཆི་བ་རྣམ་པ་སྣ་ཚོགས་རབ་ཏུ་ཞི་བར་བྱེད་པ་དང་། སྟོང་ཆེན་མོ་རབ་ཏུ་འཇོམས་པར་བྱེད་པ་བཤད་པར་བྱ་སྟེ། ཐོག
iiif viewer powered by OpenSeadragon
296b - 297b