e-texts navigator
Collection
Volume
Page
Wylie

516b1 ཀྱིག་མས་པ་སྒྱུ་། ན་ན། ནཾ།། ། ལ
516b2 ན་ཉི་ཤུ་རྩ་གཅིག་བརྗོད་དེ། གཏོར་མ་རི་ཆེན་པོ་ལ་གཏང་བར་བྱའོ།། དེས་ཐམས་ཅད་ནི་རྙིང་ཕྱིར་བཟློག་པར་འགྱུར་རོ།། རྨ་བྱ་སྙིང་པོ་རིག་པ་དང་བཅས་པ་རྫོགས་སོ།།
516b3 རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་པྲ་ཏི་སར་བི་དྱཨཱརྱནྟི། བོད་སྐད་དུ། འཕགས་པ་རིག་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོ། སངས་རྒྱས་དང་བྱང་ཆུབ
516b4 སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ནི། བཅོམ་ལྡན་འདས་རྡོ་རྗེའི་ལྷུན་པོ་ཆེན་པོའི་ཟོམ་ན། ཁང་པ་བརྩེགས་པ་རྡོ་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱི
516b5 སའི་གནས། རྡོ་རྗེ་ཆེན་པོའི་དཔག་བསམ་གྱི་ཤིང་ལྗོན་པས་ལེགས་པར་བརྒྱན་པ། རྡོ་རྗེ་ཆེན་པོའི་རྫིང་གི་རིན་པོ་ཆེ་དང་པདྨའི་འོད་ཀྱིས་སྣང་བར་བྱས་པ། ས་ཕྱོགས་རྡོ་རྗེ་ཆེན་པོའི་བྱེ་མ་བརྡམ
516b6 བརྡོ་རྗེ་ཆེན་པོར་བྱིན་གྱིས་བརླབས་པ། འཁོར་གྱི་ཁྱམས་རྡོ་རྗེ་ཆེན་པོ་ལས་བྱས་པ། ལྷའི་དབང་པོ་བརྒྱ་བྱིན་གྱིས་རྡོ་རྗེའི་སེང་གེའི་ཁྲི་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་རྣམ་པར་མཛེས་པ




iiif viewer powered by OpenSeadragon

516a - 517a

Texts on this page

S519 - 'phags pa rig sngags kyi rgyal mo rma bya'i yang snying zhes bya ba
S520 - 'phags pa rig pa'i rgyal mo so sor 'brang ba chen mo