e-texts navigator
Collection
Volume
Page
Wylie

494b1 ཙནྡྲས་གཏན་ལ་ཕབ་པ། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འཇམ་པའི་མགོན་ལ་ཕྱག་འཚལ་ལོ།། དེ་ནས་ཡང་འཇམ་དཔལ
494b2 གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན
494b3 འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་རིག་པ་མཐོང་བར་བགྱི་སྟེ། རིག་པ་དམ་པ་འདི་སྨྲས་ན་ནི་ངོ་མཚར་དུ་འགྱུར
494b4 རོ། ། ཐམས་ཅད་དང་ལྡན་པའི་འཁོར་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་ལེགས་སོ་ལེགས་སོ།། འཇམ་དཔལ་ཁྱོད
494b5 ཀྱིས་རིག་པ་སྨྲོས་ཤིག་ཁདག་གིས་བཅོམ་ལྡན་འདས་ཀྱི་གསུང་གིས་སྨྲ་བར་བགྱིའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གྱིས་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་ཆོས་ཐམས་ཅད་ལ་ཕྱག་འཚལ
494b6 ཏེ་མཆོད་པ་བྱས་ནས་རིག་པ་སྨྲས་སོ། ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱན་མ་མཉྫུ་ཤྲཱི་ཡེ་ཁོ་དྷི་ས་ཏྲ་ཡ། ཨོཾ་མཉྫུ་བ་ར། མཉྫུ་གྷོ་ཥ། ཧ་ན་ཧ་མ་པ་ཙ་པ་ཙ། མ་ཏ་མ་ཏ། མ་ཐ་མ་ཐ། ཁི་དྷྭཾ་སཱ་ཡ་བི་དྷྭཾ་སཱ་ཡ། ཀ་ར་ཀ་ར་ཁྲུ་ཏ་ཏྲུ་ཏ།
494b7 ཐཱརྫ་བྷཉྫ། ཨ་དྷི་ས་ཨ་བྷི་ས། ཏུ་ཊ་ཏུ་ཊ། ཀུཊ་ཏུ་ཊ། སྥུཊ་སཱུ་ཀྲྀ། ཐི་ཡ་བོ་དྷི་ནཾ། ན་མཿས་བོདྷ་ནི། ཟ་ཐོ་ས། པྲ་བྷེ་ས། ལོ་ཀ་ལོ་ཏ། བི་ཊ་ཀྲི་ཊ། ཀྲིད་ཀྲིད་ཀྲིང་ཀྲི་ད། ལི་ཊ་ཀྲི་ཊ། སས་ཧས། པྲ་བན་དྷ། པྲའརཿ།




iiif viewer powered by OpenSeadragon

494a - 495a

Texts on this page

S505 - 'phags pa 'jam dpal gyi zhal nas gsungs ba zhes bya ba'i gzungs
S506 - 'phags pa 'jam dpal gyis dmod btsugs pa zhes bya ba'i gzungs