e-texts navigator
Collection
Volume
Page
Wylie

254a1 རྡོ་རྗེ་སེམས་དཔའ་དུས་ཀུན་ཏུ།། ཤིན་དང་མཚན་དུ་བཞུགས་པར་འགྲུས།། རྣལ་འབྱོར་ཆེན་པོའི་རྒྱུད་པལ་རྡོ་རྗེ་འཐེང་བའི་མངོན་པར་རྫོགས་པ་ལས། དངོས་གྲུབ་ཐམས་ཅད་བསྡུས་པ
254a2 ལེའུ་སྟེ་དྲུག་ཅུ་རྩ་བརྒྱད་པའོ། ། རྣལ་འབྱོར་ཆེན་པོའི་རྒྱུད་དངལ་རྡོ་རྗེ་འཕྲེང་བའི་མངོན་པར་རྟོགས་པ་ལས། རྒྱུད་ཐམས་ཅད་ཀྱི་སྙིང་པོ་གསང་བ་རྣམ་པར་ཕྱེ་བ་ཞེས་བྱ་བ
254a3 རྫོགས་སོ། ། ། ཐུགས་དམ་སའི་སྙིང་པོ་ཐོ་ལིང་སྙིང་པོ་དཔལ་དཔེ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་སུ་ཛ་ན་ཤྲཱི་ཛྙཱ་ན་དང་། སྒྲ་བསྒྱུར་གྱི་ལོ་ཙ་བ
254a4 ཆེན་པོ་བོད་ཀྱི་ལྷ་བཙན་པོ་བླ་མ་དགེ་སློང་ཞི་བའི་འོད་ཀྱི་ཞལ་སྔ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ། རྒྱ་གར་སྐད་དུ། ཙ་ཙུ་དེ་བི་ཏི་བའི་བྲིཙྪ།
254a5 བོད་སྐད་དུ། ལྷ་མོ་བཞིས་ཡོངས་སུ་ཞུས་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། ལྷ་མོ་བཞི་དང་མཉམ་ལྡན་ཞིང་།། སངས་རྒྱས་གཟུགས་ཀྱིས་ཉེར་བརྒྱན་པ།། ཤིན་ཏུ་དགའ
254a6 པའི་སྦྱོར་ཆེན་ལ། ། རྡོ་རྗེ་སེམས་དཔའ་ཆེར་བཞུགས་སོ།། འོད་ཟེར་འཆང་ཞིང་འཁྲིགས་པ་ཡི།། གསང་ཆེན་ཆོས་ཀྱི་འབྱུང་གནས་ལ།། བྱང་ཆུབ་སེམས་ནི་འཕྲོས་ནས་སུ།། ཆོས་ཀྱི་དབྱིངས་གནས
254a7 ཞུ་མཛད་དོ། ། ཞུ་བའི་དངོས་པོ་དེ་མཐོང་ནས།། ལྷ་མོ་སྤྱན་མས་ཡོངས་ཞུས་པ།། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ།། ཚིག་འདི་དག་ནི་གསོལ་བ་སྟེ།། ཆོས་ཀྱི་དབྱིངས་རྣམས་འཕྲོ་བ་ནི།། གང་ལས




iiif viewer powered by OpenSeadragon

253b - 254b

Texts on this page

S410 - rnal 'byor chen po'i rgyud dpal rdo rje phreng ba mngon par brjod pa rgyud thams cad kyi snying po gsang ba rnam par phye ba zhes bya ba
S411 - lha mo bzhis yongs su zhus pa