| | e-texts navigator
|
36a1 གཱི་ཉམས་པར་འགྱུར། ། གཞན་ཡང་མཁས་པས་ཤེས་པར་བྱ།། རང་ལ་རྩུ་བའི་ཉེས་པ་ལས།། གཞན་ལ་ཡན་ལག་ཉེས་འབྱུང་དང་།། ལེགས་པ་ལས་ནི་ཉེས
36a2 འབྱུང་སོགས། ། བླ་མའི་ཞལ་ནས་ཤེས་བྱ་སྟེ།། འབད་དེ་དམ་ཚིག་བསྲུང་བར་བྱ།། དམ་ཚིག་དེ་ཡི་དོན་རྣམས་ལ།། འཁོར་རྣམས་འཇིགས་ཤིང་སྐྲག་གྱུར་ཏེ།། རྡོ་རྗེ་ཕག་མོས་ཡང
36a3 ཞུས་པ། ། དམ་ཚིག་འདི་ཡི་དོན་རྣམས་ནི།། ཟབ་ཅིང་རྒྱ་ཆེ་རྟོགས་པར་དཀའ།། མགོན་པོ་ཁྱོད་ཀྱིས་བཞེས་པར་ཞུ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། བདུད་རྩི་ཁར་ཟོས་སླར
36a4 ལ་དོར་བ་མེད། ། ངན་སྐྱུགས་ཕྱིར་དོན་སླར་ལ་ཟ་བ་མེད།། རང་རིག་བྱང་ཆུབ་བདུད་རྩིའི་རེ་ཚོར་ན།། ལོག་རྟོག་འཁྲུལ་པའི་རྒྱུ་འབྲས་ག་ལ་ཚོལ།། དེ་བས་དམ་ཚིག་ཁོ་ན་གཙོ་བོར་གྱིས།།
36a5 དེའི་ཚེ་འཁོར་འདུས་པ་ཐམས་ཅད་ཀྱང་རྒྱུད་ཀྱི་དོན་ལ་རྗེས་སུ་ཡི་རང་བར་གྱུར་ཏོ།། མཁའ་འགྲོ་མའི་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ག་ཡ་དྷ
36a6 ར་དང་། ལོ་ཙ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཤྲཱི་ཨགྣེ་མ་ལེ་ཏནྟ་རཱ་ཛ། བོད་སྐད་དུ། དཔལ་མེའི
36a7 འཕྲེང་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། ཧ་ཧ་ཧི་ཧི་ཧེ་ཧེ་ཀྱེ།། བདག་ནི་ཁྱོད་ལ་ཞུ་བ་མཆིས།། ཤྲཱི་ནི་གང་ལགས་ཧེ་གང་ལགས།། རུ་ནི་གང་ལགས
iiif viewer powered by OpenSeadragon
35b - 36b