| | e-texts navigator
|
34a1 སུ་ལི་རང་ནས་མི་སྡང་བར་གྱུར་ཏོ། ། དཔལ་ཆགས་པའི་རྒྱལ་པོའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། རྣལ་འབྱོར་མ་ཙནྡ་མཱ་ལ་དང་། ལོ་ཙ་བ
34a2 སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ། ། རྒྱ་གར་སྐད་དུ། ཤཱི་ཪྵ་ཀི་ནཱི་སཾ་བ་ར་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། དཔལ་མཁའ་འགྲོ་མའི་སྡོམ
34a3 པའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ།། བདེ་བ་ཆེན་པོའི་རོས་གང་བས།། ཐམས་ཅད་སྟོང་པར་གྱུར་ནས་ཀྱང་།། ཧེ་ཧེ་མགོན་པོ་རྡོ་རྗེ་འཛིན།། མཁའ་འགྲོ་མ
34a4 ནི་ཇི་ལྟར་ལགས། ། དེ་ཡི་སྡོམ་པ་ཇི་ལྟར་ལགས།། དམ་ཚིག་སྲུང་བ་ཇི་ལྟར་ལགས།། རྡོ་རྗེ་ཕག་མོ་བདག་ལ་གསུངས།། ཉོན་ཅིག་རྡོ་རྗེ་ཕག་མོ་ཉོན།། དང་པོ་དམ་ཚིག་མཚན་ཉིད་ཀྱང་།། རྩ
34a5 བ་དང་ནི་ཡན་ལག་བཅས། ། རང་གི་ལུས་ངག་ཡིད་གསུམ་དག། ཀུན་ནས་འཁྲུགས་ཏེ་གཞན་གྱི་ཡང་།། སྒོ་གསུམ་ཀུན་འཁྲུགས་ཆེན་པོ་སྟེ།། རང་གཞན་སྒོ་གསུམ་འཁྲུགས་པ་འབྲིང་།།
34a6 ཉམས་པ་འབྲིང་དུ་གསུངས་པ་ཡིན།། རང་བཞིན་འཁྲུགས་པ་ཐ་མ་ཡང་།། ཉམས་པ་ཆུང་ངུ་ཡིན་པར་འདོད།། རེ་རེ་ལ་ཡང་གསུམ་གསུམ་སྟེ།། ཉམས་པ་ཆེ་འབྲིང་དགུ་རུ་དབྱེ།། རང་ལ
34a7 མནར་སེམས་མ་སྐྱེས་ཀྱང་། ། གཞན་ལ་མནར་སེམས་སྐྱེས་པ་ཡི།། བདག་གིས་གཡེང་བས་རྐྱེན་བྱས་པ།། དེ་ཉིད་ཉམས་པ་འབྲིང་དུ་བཤད།། རང་ལ་མནར་སེམས་ཆེར་སྐྱེས་ཀྱང་།། གཞན
iiif viewer powered by OpenSeadragon
33b - 34b