e-texts navigator
Collection
Volume
Page
Wylie

48a1 ནོ། ། འདི་གཉིས་ཀྱིས་ང་ཡང་མྱ་ངན་ལས་འདས་པ་མ་བཟོད་ནས། ང་ཉིད་འཆིབ་མ་མཐོང་བར་ཐོག་མ་ཉིད་དུ་དུས་བྱས་སོ།། ད་ལྟར་ཡང་དམྱ་ངན་ལས་འདས།
48a2 པ་མ་བཟོད་དེ། གང་མྱ་ངན་ལས་འདས་པ་མ་མཐོང་བར་དེ་ཐོག་མ་ཉིད་དུ་མྱ་ངན་ལས་འདས་པ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི
48a3 རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། རྒྱལ་པོ་ཟླ་འོད་ཀྱི་རྟོགས་པ་བརྗོད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ
48a4 དང་། ཞུ་ཆེན་གྱི་ལོ་ཙ་བ་དགེ་སློང་ཤེས་རབ་ལེགས་པས་བསྒྱུར། སྒྲ་བསྒྱུར་གྱི་ལོ་ཙ་བ་དགེ་སློང་རིན་ཆེན་བཟང་པོས་བཅོས་ཏེ་གཏན་ལ་ཕབ་པ།།
48a5 རྒྱ་གར་སྐད་དུ། སུ་མ་ག་དྷ་ཨ་བ་དཱ་ན་མ། བོད་སྐད་དུ། མ་ག་དྷ་བཟང་མོའི་རྟོགས་པ་བརྗོད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག
48a6 འཚལ་ལོ། ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་དེའི་ཚེ་མཉན་ཡོད་ན། མགོན་མེད
48a7 ཟས་སྦྱིན་གྱི་བུ་མོ་མ་ག་དྷ་བཟང་མོ་ཞེས་བྱ་བ་དང་པ་དང་ལྡན་པ། རང་བཞིན་བཟང་བ། བསམ་པ་དག་པ། བདག་དང་གཞན་ལ་ཕན་པའི་ཕྱིར་ཞུགས་པ་ཞིག་གནས་སོ།། ཇི་ཙམ་ན




iiif viewer powered by OpenSeadragon

47b - 48b

Texts on this page

S255 - zla 'od kyi rtogs pa brjod pa
S256 - ma ga d+hA bzang mo'i rtogs pa brjod pa