e-texts navigator
Collection
Volume
Page
Wylie

238b1 འཁོར་དང་། ལྷ་དང་། མི་དང་། ཞྭ་མ་ཡིན་དང་། དྲི་བབར་བཅས་པའི་འཇིག་རྟེན་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རང་སྟེ་མངོན་པ་བསྟོད་དོ།། འཕགས་པ་སེང་གེའིཿ
238b2 བསྒྲགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། ། ། རྒྱ་གར་གྱི་མཁན་པོ་བིད་དྱཱ་ཀར་སིང་ཧ་དང་། ལོ་ཙ་བ་བནྡེ་སྭ་རྗེ་ཡེ་ཤེས་སྙིང་པོས་བསྒྱུར་བ།
238b3 ། རྒྱ་གར་སྐད་དུ། ཨཱརྱ་བྷ་བ་སང་ཀྲཱན་ཏི་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སྲིད་པ་འཕོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ
238b4 སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ཏ་ཀ་གནས་པ་ན། དགེ་སློང་སྟོང་ཉིས
238b5 བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང
238b6 མདུན་གྱིས་བལྟས་ནས་ཆོས་སྟོན་ཏེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་ག་དོན་བཟང་ངོ་པོ།། ཚིག་འབྲུ་བཟང་ངོ་།། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ
238b7 དག་པ། ཡོངས་སུ་བྱང་བ་ཡང་དག་པར་སྟོན་ཏོ།། དེའི་ཚེ་ཡུལ་མ་ག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། རྒྱལ་པོའི་འབྱོར་པ་ཆེན་པོ




iiif viewer powered by OpenSeadragon

238a - 239a

Texts on this page

S236 - 'phags pa seng ge'i sgra bsgrags pa zhes bya ba theg pa chen po'i mdo
S237 - 'phags pa srid pa 'pho ba zhes bya ba theg pa chen po'i mdo