| | e-texts navigator
|
317a1 བྱས་གཟོན་མ་ཡང་ཆུད་མི་ཟ། ། ལེགས་པར་བྱས་པ་དགེ་བའི་ལས།། ཉེས་པར་བྱས་པ་མི་དགེ་ཡིན།། དེ་ལའང་རྣམ་པར་སྨིན་ཡོད་དོ།། གདོན་མི་ཟ་བར་འབྲས་བུ་སྡིན
317a2 བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དེ་དག་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་།
317a3 མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འབྱེ་ཆེན་པོ་དང་བཅས་པ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར
317a4 བསྟོད་དོ། ། འཕམས་པ་དཔལ་ཐས་ཞེས་བྱ་བའི་མདོ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དྷཱནཱ་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དནདྡྷེ་ཡེ་ཤེས་རྗེས
317a5 བསྐུར་ཅིང་ནུས་ཏེ། སྐད་གསར་བཅད་ཀྱིས་བཅོས་ནས་གཏན་ལ་བབ་པ།། །། བོད་སྐད་དུ། ཆོས་ཉིད་རང་གི་ངོ་བོ་ཉིད་ལས་མི་གཡོ
317a6 བར་ཐ་དད་པ་ཐམས་ཅད་ལ་སྣང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།
317a7 བཅོམ་ལྡན་འདས་རི་དགས་ཀྱི་རྒྱལ་པོའི་ཆོས་ཀྱི་ཁང་པ་ན། ཡེ་ཤེས་ཀྱི་ཁྱད་པར་ལས་གྲུབ་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་ཁྲི་ཆེན་པོ་བཤམས་པ་ལ། ཆོས་ཉིད་རང་གི་ངོ་བོ་ཉིད་ཇི་ལྟ་བ་ལས
iiif viewer powered by OpenSeadragon
316b - 317b