| | e-texts navigator
|
172b1 འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བདེ་བར་གཤེགས་པས་དེ་སྐད་གསུངས་ཏེ། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། དགེ་སློང་ང་རྒྱལ་མེད་པ་གང་།
172b2 ཡང་དག་ཆོས་ལ་རབ་གནས་དེས།། ཟབ་པའི་ཆོས་དག་ཐོས་ནས་ནི།། དགའ་བ་མཚུངས་མེད་དེས་ཐོབ་བོ།། ཆོས་ཉིད་ཟབ་མོ་ཐོབ་ནས་ཀྱང་།། ཡང་དག་ཆོས་ལ་རབ་གནས་པས།།
172b3 དམན་པ་འདི་ནི་རབ་བསྒྲགས་ཏེ།། འཇིག་རྟེན་རྒྱང་འཕེན་སྟེན་མི་བྱེད།། བདག་མེད་ཆོས་དག་ཐོས་ནས་ཀྱང་།། གཅིག་ཏུ་མྱུར་བར་ཞུམ་མི་འགྱུར།། ཟླ་བ་ཡར་གྱི་ངོ་ལྟར་ནི།། དེ་ཡིས
172b4 ཤེས་རྣམ་པར་འཕེལ། ། བདག་མེད་ཆོས་དག་ཐོས་ནས་ཀྱང་།། གང་གི་ཐེ་ཙོམ་ཡོད་མིན་ཞིང་།། ཟླ་བ་ཡར་གྱི་ངོ་ལྟར་ནི།། དེ་ཡི་ཡེ་ཤེས་རྣམ་པར་འཕེལ།། བཅོམ
172b5 ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ། དགེ་སློང་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན
172b6 བར་བསྟོད་དོ། ། དེ་བཞིན་གཤེགས་པ་འགྲོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གར་དྷ་དང་། ལོ་ཙཱ་བ་བནྡེ་དཔལ་གྱི་དབྱངས་ཀྱིས་བསྐུར
172b7 ཅིང་ཞུ་ཅན་གྱི་ལོ་ཙ་བ་བནྡེ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་བབ་པའོ། ། ། རྒྱ་གར་སྐད་དུ། ཨཱརྱ་སམྦ་ཏི་བ་ར་མཱ་རྠ་སདྡྷི་ནི་རྡེ་ཤ་ནཱ་མ་མཧཱ་ཡཱན་སཱུ་ཏྲ།
iiif viewer powered by OpenSeadragon
172a - 173a