e-texts navigator
Collection
Volume
Page
Wylie

251a1 སོ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མངོཚོན་པོ།། དམ་པའི་ཆོས་གསུང་རབ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་རྒྱུད་ཕྱི་མ་ལྟ་བུ། རྟོགས་པར་དཀའ་བའི་ཆོས་ཀྱི་འཐུང
251a2 གནས། གཅིག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པའི་སྲོལ། ལེའུ་ཉི་ཁྲི་སྔ་སྟོན་ཡོད་པ་ལས་ལྷ་དང་། མི་དང་། ལྷ་མ་ཡིན་དང་། མི་འམ་ཅི་དང་། རིག་སྔགས་འཆང་དང་སྲིན
251a3 པོ་ལ་སོགས་པ་འདུས་པ་ཞུས་པ་ཞེས་བྱ་བའི་ལེའུ། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཐེག་པ་ཆེན་པོའི་མ་རྫོགས་སོ།། ། ཤོ་ལོ་ཀ་སུམ་སྟེང་བརྒྱད་བརྒྱ་མཆིས
251a4 རྒྱུརྒྱ་གར་གྱི་མཁན་པོ་ཛི་ནེ་མི་ཏྲ་དང་། ཛྙཱ་ན་གར་བྷ་དང་། ཞུ་ཆེར་གྱི་ལོ་ཙྪ་བ་བན་དྷེ་དེ་བཙན་དྲས་བསྒྱུར་ཏེ་གཏན་ལ་ཕབ་པ།། རྒྱ་གར་སྐད་དུ།
251a5 དེའི་ཕྲེང་བྱ་བ་བྱུང་པོའུ་ཨིན་ཀྱེང་སུ་པིམ་དེའི་ཨིར། བོད་སྐད་དུ། ཐབས་མཁས་པ་ཆེན་པོ་སངས་རྒྱས་དྲིན་ལན་བསབ་པའི་མདོ།། ། བམ་པོ་དང་པོ། འདི་སྐད་བདག
251a6 གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་སྤུངས་པའི་རི་ལ། དགེ་སློང་གི་དགེ་འདུན་ཆེན་པོ་དགེ་སློང་ཉི་ཁྲི་བརྒྱད་སྟོང་ཐམས་ཅད་ཀྱང་བྱ་བ་བྱས་པ། ཚངས་པར་སྤྱོད་པ་སྤྱད
251a7 པ་སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཀླུ་ཆེན་པོ་ལྟར་སེམས་ཀྱི་དབང་ཐོབ་པ་ཤ་སྟག་ལ་འདི་ལྟ་སྟེ། འོད་སྲུངས་ཆེན་པོ་དང་། རབ་འབྱོར་དང་། ཀུན་ཤེས་ཀོའུ་དི་མྱ་དང་། མཛེས




iiif viewer powered by OpenSeadragon

250b - 251b

Texts on this page

S180 - thabs mkhas pa chen po sangs rgyas drin lan bsab pa'i mdo
S179 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo