| | e-texts navigator
|
269b1 ཆོས་ཐམས་ཅད་ཡང་དག་པར་འདུ་བ་ཞེས་བྱ་བར་ཟུང་ཞིག། སངས་རྒྱས་ཀྱི་རྒྱན་བཀོད་པ་ཞེས་བྱ་བར་ཟུང་ཞིག། ཚངས་པ་ཁྱད་པར་སེམས་ཀྱིས་ཀུན་དྲིས་པ་ཞེས་བྱ་བར་ཟུང་ཞིག། འཇམ
269b2 དཔལ་གྱིས་བསྟན་པ་ཞེས་བྱ་བར་ཟུང་ཞིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། འཇམ་དཔལ་གཞོན་ནུར་གྱུར་པ་དང་། ཚངས་པ་ཁྱད་པར་སེམས་དང་། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ
269b3 བུའི་བུ་མཉམ་པ་ཉིད་ལ་གནས་པ་དང་། བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་དང་། གནས་བརྟན་འོད་སྲུངས་ཆེན་པོ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཕྱོགས་བཅུ་ནས་འདུས་པའི་བྱང་ཆུབ
269b4 སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ།། །
269b5 འཕགས་པ་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་དང་། དྷརྨ་པཱ་ལ་དང་། ཛི་ན་མི་ཏྲ་དང་།
269b6 ཞུ་ཆེན་གྱི་ལོ་ཙྪ་བ་བན་དྷེ་དྷརྨཱ་ཏཱ་ཤཱི་ལ་དང་། བར་ཞུས་ཀྱི་ལོ་ཙྪ་བ་བན་དྷེ་དེ་བེན་དྲཱ་ཤཱི་ལ་དང་། ཀུ་མ་ར་ཤཱི་ལ་ལ་སོགས་པས་ཞུས་ཏེ་གཏན་ལ་ཕབ་པ།།
269b7 རྒྱ་གར་སྐད་དུ། ཨཱརྱ་དྲུ་མ་ཀིན་ན་རཱ་ཛ་པ་རི་བྲིད་ཚ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲེ། བོད་སྐད་དུ། འཕགས་པ་མི་འམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང
iiif viewer powered by OpenSeadragon
269a - 270a