e-texts navigator
Collection
Volume
Page
Wylie

296a1 བ་དང་བརྡེག་པ་ལ་སོགས་པ་དག་གིས་འཇིགས་པ་སྟོན་པར་བྱེད་དོ། ། ཁ་ཅིག་ནི་ལི་ཙ་བྱི་དྲི་མ་མེད་པར་གྲགས་ལ་འདི་སྐད་ཅེས་ཟེར་ཏེ། གལ་ཏེ་ཁྱོད་ཁོ་བོ་ཅག་ལ་བུ་མོ་ཟླ་མཆོག་འདུལ
296a2 བར་མི་བྱེད་ན། དེ་ཕྱིར་ཁྱོད་ལ་དེས་སྡུག་བསྔལ་འབྱུང་བར་བྱ་ཞིང་། ཁྱོད་ལ་གནོད་པ་ཆེན་པོ་ཡང་བྱའོ་ཞེས་ཟེར་རོ།། དེ་ནས་ལི་ཙ་བྱཾ་དྲི་མ་མེད་པར་གྲགས་པ་འདི་སྙམ་དུ། མ་ལ་དཔུང་དག
296a3 ལྷགས་ནས་བདག་བཟུང་ཞིང་བཅོམ་སྟེ། བུ་མོ་ཡང་ཕྲོགས་ལ་བདག་ཀྱང་སྲོག་དང་ཕྲལ་བར་མི་འགྱུར་གྲང་སྙམ་ནས། སྐྲག་ཅིང་སྔངས་ལ་སྒྱིད་ལུག་ཅིང་། སྤུ་ཟིང་ཞེས་བྱེད་པར་གྱུར་ནས། དེ་དྲན་པ
296a4 ཉམས་ཤིང་བཞིན་གྱི་སྲོ་ཤི་ལ། རབ་ཏུ་ངུ་ཞིང་མཆི་མ་བླགས་ཏེ། མིག་མི་འཛུམས་པར་བུ་མོ་ཟླ་མཆོག་ལ་ལྟའོ།། བུ་མོ་ཟླ་མཆོག་གིས་རང་གི་ཕ་ངུ་ཞིང་ཡི་ཤི་ལ། གདོང་མཆི་མས་ཡོག་ཅིང
296a5 ཡུལ་ཡུལ་པོར་གྱུར་པ་མཐོང་ངོ་། ། མཐོང་ནས་ཀྱང་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཡབ་ཅིའི་སླད་དུ་འདི་ལྟར་བཤུམས་ཤིང་བཤུམས་མོ་དག་རབ་ཏུ་གློག་པར་མཛད་ལགས། དེ་ནས
296a6 ལིཙ་བྱི་དྲི་མ་མེད་པར་གྲགས་པས། བུ་མོ་ཟླ་མཆོག་ལ་འདི་སྐད་ཅེས་སྨྲས་སོ།། བུ་མོ་འདི་ལྟར་ཁྱོད་དབྲོག་ཅིང་ཁྱོད་ཀྱི་ཕྱིར་གྲོང་ཁྱེར་ཐམས་ཅད་དུ་ཐབ་མོ་དང་། རྩོད་པ་དག་ཀུན་ཏུ་བྱུང་བར་ཁྱོད་ཀྱིས་མི་ཤེས
296a7 སམ་དེའི་ཕྱིར་དཔུང་དག་ལྷགས་ཤིང་བཅོམ་སྟེ། ཁྱོད་ཕྲོགས་པར་མི་འགྱུར་གྲང་སྙམ་ནས་དེ་ནས་མཆི་མ་བྱུང་བ་ཡིན་མོད། དེ་ནས་བུ་མོ་ཟླ་མཆོག་གིས་རང་གི་ཕ་ལ་ཚིགས་སུ་བཅད་དེ




iiif viewer powered by OpenSeadragon

295b - 296b

Texts on this page

S149 - mi rtag pa nyid kyi mdo
S150 - 'phags pa da ltar gyi sangs rgyas mngon sum du bzhugs pa'i ting nge 'dzin zhes bya ba theg pa chen po'i mdo