| | e-texts navigator
|
325a1 མངོན་པར་བསྟོད་དོ། ། འཕགས་པ་སུམ་ཅུ་རྩ་སུམ་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ
325a2 པྲཛྙཱ་བ་ར་མ་དང་། ཞུ་ཆེན་གྱི་ལོ་ཚ་བ་བན་དྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་ཤྲུ་ཏ་མ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ
325a3 བོད་སྐད་དུ། འཕགས་པ་སྒྲ་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི
325a4 དུས་ཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྤྱན་གྱི་ཀུན་དགའ་ར་བ་ན། དགེ་སློང་གི་དགེ་འདུན་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ།། དེ་ནས་ཚེ་དང་ལྡན
325a5 པ་ཀུན་དགའ་བོ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ཏེ། ལྷུང་བཟེད་ཐོགས་ནས་མཉན་ཡོད་དུ་བསོད་སྙོམས་ལ་སོང་ངོ་།། མཉན་ཡོད་དུ་བསོད་སྙོམས་ལ་འགྲོ་བ་ན། ཚེ་དང་ལྡན་པ་ཀུན་དགའ
325a6 བོས་ཁང་པ་བརྩེགས་པ་ཆེན་པོ་ཕྱི་ནང་བྱུགས་ཤིང་བྱི་དོར་བྱས་པ། སྒོ་གཏན་ལེགས་པར་བཅུག་པ། སྐར་ཁུང་བཅད་པ་ཞིག་མཐོང་ངོ་།། མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། གང་ཞིག
325a7 གིས་ཁང་བརྩེགས་པ་འདི་ལྟ་བུ་ཞིག་བྱས་ཏེ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་པ་དང་གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ
iiif viewer powered by OpenSeadragon
324b - 325b