| | e-texts navigator
|
155b1 འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། འཕགས་པ་སྤྲིན་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོ་དྷེ་དང
155b2 ཆེན་གྱི་ལོ་ཚ་བ་བན་དྷེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ་པ། ། @#། རྒྱ་གར་སྐད་དུ། ཨཱརྱ་ཨང་གུ་ལི་མཱ་ལཱི་ཡ་ནཱ་མ་མ་ཧཱ་ཡ་ནཱ་སུ་ཏྲ། བོད་སྐད་དུ། འཕགས
155b3 བ་སོར་མོའི་ཕྲེང་བ་ལ་ཕན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ
155b4 ལྡན་འདས་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའི་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དང
155b5 ཉན་ཐོས་དང་། རང་སངས་རྒྱས་ཤ་སྟག་མང་པོ་དང་། འཁོར་བཞི་དང་། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་ཚོགས་མང་བ
155b6 དང་ཤ་ཟ་དང་། འབྱུང་པོའི་ཚོགས་དང་། ལྷའི་བུ་མོ་དང་། ལྷ་མ་ཡིན་གྱི་དབང་པོ་དང་། ཉི་མ་དང་། ལྷ་མ་ཡིན་དང་། སྲིན་པོ་དང་། འཇིག་རྟེན་སྐྱོང་བ་དང་། བདུད་ལ་སོགས་པ་ལ་སེམས
155b7 ཅན་ཐམས་ཅད་ངེས་པར་སྒྲོལ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་སྡེ་ཆེན་པོ་མཚོན་ཆ་ཐོགས་པ་ཞེས་བྱ་བ་སྟོན་ཏེ། ཐོག་མར་ཡང་དགེ་བ། བར་དུ་ཡང་དགེ་བ། ཐ་མར་ཡང་དགེ་བ། དོན་བཟང
iiif viewer powered by OpenSeadragon
155a - 156a