| | e-texts navigator
|
25a1 སངས་རྒྱས་བསྟན་ལ་འཇུག་པར་བྱ།། འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན།། འཆི་བདག་སྡེ་ནི་གཞོམ་པར་བྱ།། གང་ཞིག་རབ་ཏུ་བག་ཡོད་པར།། ཆོས་འདུལ་འདི་ལ་སྤྱོད་གྱུར་པ།། སྐྱེ་བའི་འཁོར་བ
25a2 རབ་སྤངས་ནས། ། སྡུག་བསྔལ་ཐ་མར་བྱེད་པར་འགྱུར།། ཕན་ཚུན་ཚུལ་ཁྲིམས་སྲུང་བ་དང་།། བསྟན་པ་འཕེལ་བར་བྱ་བའི་ཕྱིར།། སོ་སོར་ཐར་པ་འདི་སྟེན་པས།། དགེ་འདུན་གྱིས་ནི་གསོ་སྦྱོང་བྱས།། གང་གི་ཕྱིར
25a3 ན་མདོ་སྟོན་དང་། ། གང་ཕྱིར་གསོ་སྦྱོང་བྱས་གྱུར་པས།། ཚུལ་ཁྲིམས་དེ་ནི་སྲང་བྱ་སྟེ།། གཡག་ལྔའི་རྩེ་མོ་ཇི་བཞིན་ནོ།། སོ་སེར་ཐར་པ་གཏོན་པ་ཡི།། བསོད་ནམས་གྲུབ་པ་གང་ཡོད་པ།། དོས་ནི་འཇིག་རྟེན་མ་ལུས
25a4 པ། ། ཐུབ་དབང་གོ་འཕངས་ཐོབ་པར་ཤོག། དགེ་སློང་མིའི་སོ་སོར་ཐར་པའི་མདོ་རྫོགས་སོ།། ། དབང་ཕྱུག་དམ་པའི་མདའ་བདག་དཔལ་ལྷ་བ་ཙན་པོའི་བཀའ་ལུང་གིས
25a5 འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་འཛིན་མེ་ཏྲ་དང་། ཞུ་ཆེན་གྱི་ལོ་ཙྪ་བཙོག་ར་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ།།
25a6 རྒྱ་གར་སྐད་དུ། བྷིཀྵུ་ཎཱི་བི་ན་ཡ་བི་བྷི་ག། བོད་སྐད་དུ། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ།། བམ་པོ་དང་པོ།། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། རྒྱལ་པོ་དུལ་བ་ལ་རྗེའི་རིགས
25a7 བུ་འཁྲུངས། ། སློབ་མ་འདུལ་མཛད་ཉེས་པ་རབ་ཐུལ་བ།། སངས་རྒྱས་འདུལ་བའི་གཙེ་དང་ཆག་མ་ཇས་ཆོད།། རྡུལ་དང་བྲལ་བའི་ཚོགས་ལ་ཕྱག་འཚོལ་ཏེ།། དགེ་སློང་མ་ཡིས་སོ་སོར་ཐར།། རྣམ་འབྱེད་ཧ
iiif viewer powered by OpenSeadragon
24b - 25b