| | e-texts navigator
|
286b1 རྟོགས་པར་བྱ་ཞིང་དྲན་པ་དང་ཤེས་བཞིན་གྱིས་སྤང་བར་བྱའོ། ། བཞི་པོ་དེ་དག་གང་ཞེ་ན། སྡུག་བསྔལ་འཕགས་པའི་བདེན་པ་སྡུག་བསྔལ་དང་། ཀུན་འབྲུར་འཕགས་པའི་བདེན་པ་སྡུག་བསྔལ་དང་། འགོག་པ་འཕགས་པའི་བདེན་པཅུགས
286b2 དང་ལམ་འཕགས་པའི་བདེན་པ་སྡུག་བསྔལ་ཏེ། འཕགས་པའི་བདེན་པ་བཞི་པོ་དེ་དག་མངོན་པར་མ་རྟོགས་པ་མངོན་པར་རྟོགས་པའི་ཕྱིར་བརྩོན་འགྲུས་དང་། མངོན་པར་འབད་པ་དང་། སྤྲོ་བ་དང་འདུན་པ་དྲག་པོས་ཚིག་དུ་མ་ཡིན་པར་རྟོཀྲ
286b3 པར་བྱ་ནིང་དྲན་པ་དང་ཤེས་བཞིན་གྱིས་སྦྱར་བར་བྱའོ། ། ཆོས་ཀྱི་རྣམ་གྲངས་འདི་བཤད་པན། དགེ་སླང་དྲུག་བཅུ་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ།། མཉན་ཡོད་ཀྱི་སྐྱེ་བའི་ཆགས་ཆེན་པོ་བྲམ་ཟེ་དང་བྱིབ
286b4 བདག་རྣམས་ཆོས་ཀྱི་མིག་རྡུལ་མེད་ཅིང་རིམ་དང་བྲལ་བར་གྱུར་ཏོ། ། དགེ་སློང་དེ་དག་དང་། ཀེས་ལའི་རྒྱལ་པོ་གསལ་རྒྱལ་དང་། མཉན་ཡོད་ཀྱི་སྐྱེ་བོའི་ཚོགས་ཆེན་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་དང་། ལྷ་དང་ཀླུ་དང་། ལྷ་མ་ཡིན་དང་།
286b5 ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ། འཕགས་པ་ས་གནའི་མདོ་རྫོགས་སོ།།
286b6 རྒྱ་གར་གྱི་མཁན་པོ་དགེ་སློང་ཨ་ཛེ་ཏ་ཤྭེ་བྷ་རྦ་དང་། ཞུ་ཆེན་གྱིལ་ཆུབ་སེ་ག་གེ་སོ་ཀྵ་འོད་ཀྱིས་བསྒྱུར།། 6།། རྒྱ་ནག་གི་སྐད་དུ། བཱི་དུ་ཆེད་ཟིང་གི་། ཧོར་ཀྱི་སྐད་དུ། དོ་ལོ་ན་མ་དྲག་ནནར་ཐུ་ཧོ་དན
286b7 ནུ་སུ་དུར། བོད་སྐད་དུ། སྡེ་བདུན་ཞེས་བྱ་བ་སྐར་མའི་མདོ།། དེ་བཞིན་གཤེགས་པ་བདུན་ལ་ཕྱག་འཚལ་ལོ།། དེ་ནས་ལྷའི་ལྷ་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། སྡེ་བདུན
286b8 ཞེས་པའི་སྐར་མ་ནི་ཐོག་པར་ཏ་ལད་ཞེས་པའི་སྐར་མའོ། ། དེའི་བསྲུང་བའི་འཁོར་ལོ་འདི་ཡིན་ནོ།། བྱི་བ་ལོ་བའི་མི་དག་སྐད་པ་འདིའི་རིས་སུ་སྐྱེས་པའོ།། མཆོད་པའི་ཟས་ནི་གྲུས་མ་སྦོམ་པོའོ།། གདོན་དང་བར་དུ་གཅོད་པ་བྱུང་བ་ཆོས
iiif viewer powered by OpenSeadragon
286a - 287a